འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཞུང་ཤུན་ཆིན་དང་བཞུགས་མོལ་གནང་སྟེ། ནུས་རྒྱུ་གཙང་མ་གསར་སྤེལ་དང་བཀོལ་སྤྱོད་སོགས་ཀྱི་ཐད་ལ་སྤེལ་རེས་གཏིང་ཟབ་གནང་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལུའོ་ཆིན་འུའུ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝུའུ་དབྱིང་ཧའེ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཞུང་ཤུན་ཆིན་དང་བཅས་པ་ཆབ་མདོ་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིས་ཆབ་མདོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་ཁུར་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ཏེ་གཟིགས་ཞིབ་དང་མཛུབ་སྟོན་བྱས་པ་དང་།
སྔ་རྗེས་སུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་ལ་ཐེངས་མང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་ལས་ང་ཚོས་དུས་རབས་གསར་པའི་ཆབ་མདོའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཞེས་གསུངས་ཡོད།ཀུང་ཧུའེ་ཚའེ་ཡིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ།“དོན་ཆེན་བཞི”དང་།“འགན་ལེན་བཞི” དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང་། “མདུན་གྲལ་དུ་སླེབས་པ་བཞི” དམིགས་པ།“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”སྤྱིའི་བཀོད་སྒྲིག་གི་མཐའ་འཁོར་དུ་“ཐྰན་ཚད་མཐོ་ཤོས་དང་ཐྰན་ཚད་སྙོམ་སྦྱོར”གྱི་གོ་སྐབས་དམ་དུ་བཟུང་ནས་བོད་ཤར་གྱི་ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་ལ་ཧུར་ཐག་ངང་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིས་སྔོན་མ་ནང་བཞིན་ཆབ་མདོའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཆབ་མདོའི་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་སོགས་ལ་ཧུར་ཐག་གིས་མཉམ་ལས་ཀྱི་གོ་སྐབས་འཚོལ་བ་བཅས་བྱས་ཏེ། མཉམ་ལས་ཀྱི་རིམ་པའི་ཆུ་ཚད་མཐོར་འདེགས་བཏང་ནས་ཆབ་མདོའི་ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ཞུང་ཤུན་ཆིན་གྱིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིའི་ཆབ་མདོའི་འཕེལ་རྒྱས་དེ་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་རོགས་རམ་སོགས་དང་ཁ་འབྲལ་ཐབས་མེད་པས། ཀུང་ཟི་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ནན་ཏན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཐིག་དེ་དམ་པོར་བཟུང་བ་དང་། མ་འཇོག་དེ་བས་ཆེ་བ་དང་རྣམ་འགྱུར་དྲང་མོ། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་གསར་སྤེལ་ནང་ཧུར་ཐག་ཞུགས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་ལེགས་སྐྱེས་འབུལ་རྒྱུའི་བསམ་པ་བསྟན་ཡོད།