国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月04日

བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་སྲོལ་ཡིག

(2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

(ཚགས་པར་གོང་མར་མཐུད) དྲ་རྒྱ་གཉེར་མཁན་གྱིས་རང་གི་ཞབས་ཞུ་དང་འབྲེལ་བ་མེད་པའི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་མི་ཆོག་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་། དེ་བཞིན་ཕྱོགས་གཉིས་པོའི་ཁ་ཆད་ལས་འགལ་ཏེ་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་མི་ཆོག་པ་མ་ཟད། ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་། དེ་བཞིན་སྤྱོད་མཁན་དང་ཁ་ཆད་བཞག་དོན་གཞིར་བཟུང་། རང་གིས་ཉར་ཚགས་བྱས་པའི་མི་སྒེར་གྱི་ཆ་འཕྲིན་སྒྲིག་གཅོད་བྱེད་དགོས།དྲ་རྒྱ་གཉེར་མཁན་གྱིས་སོ་སོས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་ཕྱི་གྱར་དང་། གཡོ་བཅོས། གཏོར་བརླག་བཅས་གཏོང་མི་ཆོག་ལ། སྒྲིག་གཅོད་བྱས་ཏེ་དམིགས་བཙུགས་ཀྱི་མི་སྒེར་ངོས་བཟུང་བྱེད་ཐབས་མེད་ཁར་མ་ཕྱི་སླར་གསོའང་བྱེད་ཐབས་བྲལ་བའི་རིགས་ཕུད། དེ་བྱིངས་བསྡུ་རུབ་བྱ་ཡུལ་གྱི་མོས་མཐུན་མ་ཐོབ་པར་མི་སྒེར་གྱི་ཆ་འཕྲིན་གཞན་ལ་མཁོ་འདོན་བྱེད་མི་ཆོག

དྲ་རྒྱ་གཉེར་མཁན་གྱིས་ངེས་པར་དུ་ལག་རྩལ་གྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་རང་ཉིད་ཀྱིས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ལ། ཆ་འཕྲིན་ཕྱི་གྱར་དང་། གཏོར་སྐྱོན། བོར་བརླག་བཅས་མི་འགྲོ་བ་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་ཕྱི་ལ་གྱར་བ་དང་། གཏོར་སྐྱོན་ཕོག་པ། བོར་བརླག་ཤོར་བ་བཅས་ཀྱི་གནས་ཚུལ་ཐོན་པའམ་ཡང་ན་ཐོན་བཟོ་ཡོད་སྐབས་ངེས་པར་དུ་འཕྲལ་མྱུར་གསབ་བཅོས་བྱ་ཐབས་སྤྱད་དེ་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྤྱོད་མཁན་ལ་བརྡ་ཐོ་གཏོང་བ་དང་སྦྲགས་འབྲེལ་ཡོད་གཙོ་འགན་སྡེ་ཚན་ལའང་སྙན་སེང་ཞུ་དགོས།

དོན་ཚན་བཅུ་དགུ་པ། འཕྲིན་གཏོང་ཚོགས་ཚོ་དང་གླེང་སྟེགས་སྡེ་ཁུལ་གྱི་པར་ཁོངས་འཛུགས་མཁན་དང་དོ་དམ་པས་ངེས་པར་དུ་དེའི་ཁོངས་མིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་བཅས་ཀྱི་ནང་བཀག་སྡོམ་བྱས་པའི་ཆ་འཕྲིན་བརྒྱུད་སྤེལ་བྱས་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་ནུས་ལྡན་གྱི་ཚོད་འཛིན་བྱ་ཐབས་འཕྲལ་མར་སྤྱད་དེ་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་ཐེར་འདོན་ཡང་བྱེད་དགོས།

དོན་ཚན་ཉི་ཤུ་པ། མཉམ་སྦྲེལ་དྲ་ཚིགས་དང་། ཉེར་སྤྱོད་བྱ་རིམ། གླེང་སྟེགས། པོད་ཁུག འཕྲིན་སྟེགས། སྐབས་ཐོག་འཕྲིན་གཏོང་ཡོ་བྱད། དྲ་རྒྱའི་ཐད་གཏོང་། བརྙན་ཐུང་གི་འབྲེལ་ལམ་མཉེན་ཆས་སོགས་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན་གྱིས་ངེས་པར་དུ་མངོན་གསལ་དོད་སར་དྲ་ཐོག་གི་གནོད་ཡོད་ཆ་འཕྲིན་ཐེར་འདོན་ཆེད་ཁུལ་བཙུགས་ནས་ཐེར་འདོན་བྱེད་སྟངས་ཡོངས་བསྒྲགས་བྱེད་དགོས། ཐེར་འདོན་འབྱོར་བའི་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་མཁན་གྱིས་ངེས་པར་དུ་ཞིབ་བཤེར་དང་། སུབ་པ། བཀག་བཅད་སོགས་ཀྱི་སྒྲིག་གཅོད་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བ་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་རྒྱུ། རང་སྐྱོང་ལྗོངས་དྲ་འཕྲིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་གཅིག་གྱུར་མཐུན་སྦྱོར་བྱས་ནས་དྲ་རྒྱའི་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ། མཐའ་དཔྱོད། བརྡ་ཁྱབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

རང་སྐྱོང་ལྗོངས་དྲ་འཕྲིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལ་ཉེན་ཁ་ཇི་ཡོང་ཚོད་སྐོར་དང་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་དུས་བཀག་ནང་སྡེ་ཚན་དང་ལས་རིགས་ལས་བརྒལ་བའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་འཕྲལ་སྡོམ་ནང་སྦྱོང་སྒྲིག་འཛུགས་བྱེད་དགོས།

དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ཚེ་ངེས་པར་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་གཉིས་པ། དྲ་རྒྱའི་གལ་ཆེའི་ཆ་འཕྲིན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ཁུངས་སྣེ་ཤེས་རྟོགས་བྱུང་བའམ་ཡང་ན་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ཚེ། དྲ་འཕྲིན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པར་ཉེན་ཟོན་སྔོན་བརྡའི་བརྡ་ཁྱབ་བཏང་ཆོག འབྲེལ་ཡོད་ཚན་པས་ངེས་པར་དུ་ཞིབ་བཤེར་ཐག་གཅོད་དང་། ཁྲིམས་སྒྱུར་ལྟ་སྡོམ། ལན་འདེབས་ཧུར་ཐག་སོགས་བྱེད་ཐབས་འཕྲལ་མར་སྤྱོད་དགོས་པ་མ་ཟད། ཐག་གཅོད་བྱས་ཚུལ་དྲ་འཕྲིན་སྡེ་ཚན་ལ་ལན་སྤྲོད་བྱ་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་ཁུངས་སྣེ་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་སྤྱི་བདེ་ལས་ཁུངས་ལ་དུས་གཅིག་ཏུ་སྙན་སེང་ཞུ་དགོས།

དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་རིགས་ཐག་གཅོད་བྱེད་སྐབས། དྲ་འཕྲིན་དང་། འཕྲིན་གཏོང་། སྤྱི་བདེ། རྒྱལ་ཁབ་བདེ་འཇགས། འབྲེལ་ཡོད་ཚན་པ་བཅས་ཀྱིས་ངེས་པར་དུ་གཞོགས་འདེགས་དམ་ཟབ་བྱས་ཏེ། ཁྲིམས་ལྟར་ཐག་གཅོད་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། སྤྱི་ཚོགས་ངོས་ཀྱི་ལྟ་སྡོམ་བཅས་མཉམ་བགྲོད་གསུམ་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་འཕྲལ་མར་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱིས་ཐག་གཅོད་བྱེད་ཐབས་སྤྱོད་དགོས།

དོན་ཚན་ཉེར་གསུམ་པ། དྲ་འཕྲིན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་བདེ་དང་རྒྱལ་ཁབ་བདེ་འཇགས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྡེ་ཚན་དང་ས་ཁོངས་ལས་བརྒལ་བའི་ཁྲིམས་སྒྱུར་མཉམ་འགུལ་དང་ལེན་དང་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་འཕྲིན་མཉམ་སྤྱོད་དང་། མཉམ་འབྲེལ་ཁྲིམས་སྒྱུར། ལྟ་སྡོམ་ཕན་ཚུན་ཁས་ལེན་བཅས་བྱེད་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་ལྟ་སྡོམ་ལས་དོན་མཉམ་དུ་སྤེལ་དགོས།

དོན་ཚན་ཉེར་བཞི་པ། དྲ་འཕྲིན་སྡེ་ཚན་གྱིས་འབྲེལ་ཡོད་གཙོ་འགན་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་མཉམ་འབྲེལ་ཆད་གཅོད་བསླབ་སྡོམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཚབས་ཆེ་བའི་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་སྒྲུབ་པར་ཚད་བཀག་བཟོ་བ་དང་། དྲ་ཐོག་བྱ་སྤྱོད་ལ་ཚད་བཀག་བཟོ་བ། ལས་རིགས་ནང་ཞུགས་མི་ཆོག་པ་སོགས་ཀྱི་ཆད་གཅོད་བསླབ་སྡོམ་བྱ་ཐབས་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་ལྔ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཅིག་པ་ལས་འགལ་ཞིང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆད་གཅོད་གཏན་འབེབས་བྱས་མེད་རིགས་ལ་དྲ་འཕྲིན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་ཉེར་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་ནང་གསེས་དོན་ཚན་དང་པོ་དང་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་ལས་འགལ་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པའམ་ཡང་ན་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་། ཆབས་ཅིག་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་བཀལ་ཆོག

སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལས་འགལ་རུང་ཉེས་གསོག་གི་ཚད་ལ་སླེབས་མེད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་ལྔ་མན་བཀག་ཉར་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཆབས་ཅིག་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་བཀལ་ཆོག གནས་ཚུལ་ཚབས་ཅུང་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཆབས་ཅིག་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་བཀལ་ཆོག ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བར་སྤྱོད་པའི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་ཚོའི་སྒོ་རྒྱག་དགོས།

ཚན་པར་གོང་གསལ་ནང་གསེས་དོན་ཚན་གྱི་བྱ་སྤྱོད་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཁྲི་བཅུ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། ཐད་ཀར་གཙོ་འགན་འཁུར་མཁན་དང་ཐད་ཀར་འགན་འཁྲི་ཡོད་མི་གཞན་དག་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

དོན་ཚན་ཉེར་བདུན་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལས་འགལ་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། འཕྲིན་གཏོང་ཚོགས་ཚོ་དང་གླེང་སྟེགས་སྡེ་ཁུལ་གྱི་པར་ཁོངས་སྒོ་རྒྱག་རྒྱུ།

དོན་ཚན་ཉེར་བརྒྱད་པ། དྲ་འཕྲིན་དང་། འཕྲིན་གཏོང་། སྤྱི་བདེ། རྒྱལ་ཁབ་བདེ་འཇགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལྟ་སྡོམ་གྱི་ལས་ཀའི་ནང་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་ཉེར་དགུ་པ། དྲ་རྒྱ་གཉེར་མཁན་ནམ་ཡང་ན་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ། དེ་བཞིན་ལག་བསྟར་བྱ་རྒྱུ།

དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདི་2023ལོའི་ཟླ་2ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)