པར་ནི་དགྲ་ལྷ་ཆུ་ཤུགས་གློག་ཁང་གི་ལས་གྲྭའི་བྲག་ཕུག་ཨང་4པ་ཡིན། ཉེ་ཆར། དགྲ་ལྷ་ཆུ་ཤུགས་གློག་ཁང་ལས་གྲྭའི་བྲག་ཕུག་ཨང་4པ་བདེ་བླག་ངང་གཏལ་འབིགས་པ་དེ་ནི་བྲག་ཕུག་ཨང་2དང་5པ་གཏལ་འབིགས་རྗེས་ཀྱི་ཆུ་འདྲེན་མ་ལག་གསུམ་པ་དེ་ཡིན་ཞིང་། བྲག་ཕུག་ཤར་གཏོང་ཐུབ་པ་དེའི་དགྲ་ལྷ་ཆུ་ཤུགས་གློག་ཁང་གི་2023ལོའི་ཟླ་5པར་གྲུབ་ཆ་གཙོ་བོའི་ལས་འགོ་ཚུགས་པ་དང་ཟླ་12པར་གཙང་པོ་དང་ཆུ་བོ་བཞུར་འགོག་ཚད་མྱུར་ཚད་མགྱོགས་སུ་ཕྱིན་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་ཡུན་ལས་ལོ་གཅིག་གི་སྔོན་དུ་ལེགས་གྲུབ་བྱུང་བ་རེད། དགྲ་ལྷ་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་ཀྱི“བོད་གློག་ཕྱིར་གཏོང”གི་གློག་ཤུགས་གཏོང་འདྲེན་གྱི་གཙོ་རྐང་གློག་ཁུངས་གློག་ཁང་ཞིག་ཡིན་ལ། རང་སྐྱོང་ལྗོངས་ས་ཁོངས་ནང་ཞིབ་བཤེར་ཆོག་མཆན་སྤྲད་ནས་ལས་འགོ་ཚུགས་པའི་ཆན་ཝ་ཁྲི་བརྒྱ་ཟིན་པའི་ཆུ་ཤུགས་གློག་ཁང་ཞིག་ཡང་ཡིན། དེ་ནི་འཛམ་གླིང་ཐོག་བེད་སྤྱོད་བྱེད་བཞིན་པའི་འཁོར་རྐྱང་ཤོང་ཚད་ཆེ་ཤོས་ཀྱི་འཕྲུལ་ཚན་ཞིག་རེད། གློག་ཁང་དེ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཡུལ་ཆུ་སྨད་རྒྱུད་དུ་གནས་པ་དང་། འཕྲུལ་འཁོར་གྱི་གློག་ཤོང་ཚད་ཆན་ཝ་ཁྲི101.5ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་120བཏང་བ་རེད། བསྐྲུན་ཟིན་རྗེས་ལོར་འཕྲུལ་འཁོར་གྱི་གློག་ཤོང་ཚད་ཆན་ཝ་ཁྲི་དང་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་39.46ཟིན་པ། གློག་ཁང་གི་བཟོ་ཁང་གཙོ་བོར་སྒྲིག་སྦྱོར་བྱས་པའི་500MWཟིན་པའི་རྡབ་རྡེག་རྣམ་པའི་ཆུ་འཁོར་གཉིས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི“ཀྲུང་དབྱང་ཁེ་ལས་འགག་སྒྲོལ་འདུ་འགོད”ཀྱི་གཙོ་གནད་ཚན་རྩལ་འགག་སྒྲོལ་རྣམ་གྲངས་ཤིག་ཡིན་པ་པ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ལག་རྩལ་སྒྲིག་ཆས་གལ་ཆེན་རྣམ་གྲངས་ཐོག་མ་དེའང་ཡིན་པ་རེད། དགྲ་ལྷ་ཆུ་ཤུགས་གློག་ཁང་ལས་གྲྭའི་རྣམ་གྲངས་ཐད“གཉིས་མི་བརྒལ་བ་དང་། མེད་པ་གསུམ། གཏན་འགོག་ལྔ། ནན་པོ་བརྒྱད”བཅས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་དོ་དམ་ཚད་གཞིར་གཞི་བཟུང་སྟེ། དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱིས་ལེགས་གཏོད་ཇུས་འགོད་དང་། ཚད་གཞི་རྩེ་གྲས། དམིགས་ཚད་ཞིབ་ཚགས། ལག་རྩལ་གསར་གཏོད། བརྒྱུད་རིམ་ཧྲིལ་པོ་ལེགས་གཏོང་སོགས་ཀྱི་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་གྲྭའི་བདེ་འཇགས་དང་། མྱུར་ཚད། སྤུས་ཚད། མ་གནས་བཅས་ཚོད་འཛིན་ཐུབ་པ་དང་ལོ་འཁོར་གྱི་ལས་གྲྭའི་དུས་ཚིགས་གཙོ་བོ་དང་མ་འཇོག་འཆར་གཞི་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཏེ་མིག་སྔའི་བར་ལས་གྲྭའི་མ་འཇོག་སྒོར་དུང་ཕྱུར་18ལེགས་གྲུབ་ཟིན་ཡོད། རྣམ་གྲངས་དེ་2021ལོའི་ཟླ་6པར་སྐྲུན་འགོ་ཚུགས་པ་ནས་བཟུང་བོད་ཀྱི་ཏ་ཐང་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ནས་ས་གནས་དེ་གའི་སློབ་ཆེན་སློབ་མ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ཞིང་། མིག་སྔར་ས་གནས་དེ་གའི་བོད་རིགས་སློབ་ཆེན་སློབ་མ་8གདན་ཞུ་བྱས་པ་དང་། རིམ་རྩིས་བྱས་ན་ས་གནས་དེ་གའི་ངལ་རྩོལ་ཉིན་གྲངས་ཁྲི་4ལྷག་ཙམ་དང་ས་གནས་དེ་གའི་འཕྲུལ་ཆས་དང་སྒྲིག་ཆས་ཁྲི་3.4སྤྱད་དེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2800ལྷག་ཙམ་བྱུང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དགྲ་ལྷ་གློག་ཁང་བསྐྲུན་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་130གྲོན་ཆུང་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་342ཉུང་དུ་ཕྱིན་པ། དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་ཏུན་ཁྲི་1.1ཉུང་དུ་ཕྱིན་པ། ཏན་དབྱང་འགྱུར་རྫས་ཏུན་ཁྲི་0.9ཉུང་དུ་ཕྱིན་ནས་ལོ་ལྟར་ས་གནས་སྲིད་གཞུང་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི་7400ཙམ་འབུལ་བཞིན་ཡོད་པ་རེད།