国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月04日

ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣར་འཇོན་ཐང་ཆེ་རུ་གཏོང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་ལྟེ་གནས་སུ་གཉེར་འགོ་ཚུགས་པ་རེད། རྫོང(ཆུས)ཁག་གི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་མི་སྣ། ཤང་གྲོང་ཁག་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་མི་སྣ་149གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

གསོ་སྦྱོང་སྤེལ་རིང་རིགས་གཅིག་མཁས་ཅན་གྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་འགྲེལ་བྱས་པ་མ་ཟད། ད་དུང་ཞིང་ལས་ཐད་ཕྱི་ནས་ཡོང་བའི་བཙན་འཛུལ་དངོས་རིགས་ཡོངས་བཤེར་བྱེད་པའི་བརྟག་དཔྱད། རྨོ་ཞིང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས། ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་འགོག་བཅོས། ནོར་གྱི་མདུད་འབུར་རང་བཞིན་གྱི་པགས་ནད་སོགས་ཀྱི་ནང་དོན་ལ་དམིགས་ནས་ཞིང་འབྲོག་གི་ཆེད་ལས་ལག་རྩལ་མི་སྣར་སློབ་ཁྲིད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་བཙུགས་པའི་དམིགས་ཡུལ་ནི་ཆབ་མདོའི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་མི་སྣའི་ལས་སྒོའི་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་འགན་ལེན་དང་ཞིང་འབྲོག་པ་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལག་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་མི་སྣའི་འགན་ལེན་བྱ་རྒྱུ་དེ་རེད།