国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月04日

རང་གྲོང་ཁྱེར་གྱི་སྐབས་ལྔ་པའི“བདག་དམར་གཡང་”བུམ་པའི་ལས་ཞོར་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས་བདེ་ཐང་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་4ཚེས་1ཉིན། ཆབ་མདོ་གྲོང་ཁྱེར་སློབ་གསོའི(ལུས་རྩལ)ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ལས་ཞོར་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྒྲུབ་གཉེར་འཁུར་ཏེ། ཆབ་མདོ་གྲོང་ཁྱེར་གྱི་སྐབས་ལྔ་པའི“བདག་དམར་གཡང་”བུམ་པའི་ལས་ཞོར་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ནི། གྲོང་ཁྱེར་དམངས་ཡོངས་ལུས་སྦྱོང་སྤྱི་ཕན་བྱེད་སྒོའི་ལྟེ་གནས(དེ་སྔའི་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས)སུ་འགོ་ཚུགས་ཤིང་། ཚན་པ་10དང་སྤྱི་ཚོགས་ཚོགས་པ་ལས་གྲུབ་པའི་འཐུས་མི་རུ་ཁག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

ཉིན་དགུང་གི་ཆུ་ཚོད་12ཐོག ཤན་འབྱེད་པའི་ཤུ་སྒྲ་དང་བསྟུན་ནས་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་བསྡུར་བྱ་ཡུལ་དུ། ཕྱོཊ་གཉིས་པོའི་རུ་མི་གཅིག་རྗེས་གཉིས་མཐུད་རྗེས་འདེད་ཛ་དྲག་ཐོག་ནས་འགྲན་བསྡུར་བྱེད་བཞིན་ཡོད། རྩལ་ནུས་ཕུལ་བྱུང་འདོན་པ་བཅས་བྱས་ནས་རུ་མི་ཕན་ཚུན་གཞོགས་འདེགས་ཟམ་མི་ཆད་པར་བྱས་ཏེ་ངོ་མཚར་ཆེ་བའི་འགྲན་བསྡུར་ནང་ཞུགས་ཏེ་འབད་འབུངས་བྱེད་ཕོད་པ་དང་ཡར་བརྩོན་བྱེད་ཕོད་པའི་ལུས་རྩལ་འགྲན་བསྡུར་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད་པ་རེད།

བདག་དམར་གཡང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཀྲང་ལེས“ཆབ་མདོ་གྲོང་ཁྱེར་ལུས་རྩལ་ཅུས་ཆབ་མདོ་གྲོང་ཁྱེར་གྱི་ལས་ཞོར་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་བའི་ད་ཐེངས་ཀྱི་རིམ་མཚུངས་མཉམ་འགྲན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཛ་དྲག་གི་ལས་ཀའི་ཞོར་དུ་ལུས་རྩལ་གྱི་གོ་སྐབས་ཤིག་ཐོབ་རྒྱུ་ཡིན། བྱེད་སྒོ་དེ་སྔར་རྒྱུན་བཞིན་སྤེལ་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་རིམ་མཚུངས་མཉམ་འགྲན་གྱི་གོ་སྐབས་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་རྩལ་ཁྱབ་གདལ་གཏིང་ཟབ་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིམ་མཚུངས་མཉམ་འགྲན་དེ་ལོ་ཧྲིལ་པོའི་དཔྱིད་ཀ་དང་སྟོན་ཁ་དུས་མཚམས་གཉིས་སུ་སྤེལ་རྒྱུ་དང་། མཉམ་འབྲེལ་འགྲན་བསྡུར་དང་བུམ་པའི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་འགྲན་དུས་ཤིག་ལེགས་སྒྲུབ་བྱ་རྒྱུ། རིམ་མཚུངས་མཉམ་འགྲན་དེ་འཁོར་སྐྱོད་རྐྱང་པའི་སྐར་བསགས་ལམ་ལུགས་ཐོག་ནས་སྤེལ་རྒྱུ་བཅས་དང་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་གཉིས་ཡིན་པ་རེད། འགྲན་བསྡུར་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་མི་རེ་རེ་དང་། དེ་བཞིན་ཚོགས་པའི་ལུས་རྩལ་གྱི་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་1དང་། ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་1 སྤོ་ལོ་བླུག་མཁན་ཡག་ཤོས་1 སྒོ་སྲུང་མཁན་ཡག་ཤོས་1བཅས་ཡོད་པ་མ་ཟད། བྱ་དགའ་ཐོབ་པའི་སྤོ་ལོའི་རུ་ཁག་དང་སྤོ་ལོ་རྒྱག་མཁན་ལ་གཟེངས་བསྟོད་རྟགས་མ་དང་བྱ་དགའ་ཡང་སྤྲད་ཡོད་པ་རེད།