འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྨར་ཁམས་རྫོང་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ལག་རྩལ་གསར་པ་ཞིག་སྤེལ་ཏེ། སྒལ་ཚིགས་རུས་ཆག་གཤགས་བཅོས་སླར་གསོ་བྱས་ནས་གཟེ་བརྒྱབ་བརྟན་ཚུགས་ཀྱི་ལག་རྩལ་སྤྱོད་པ་རེད། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བཅུ་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་སྨར་ཁམས་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གིས་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ནས། གཤག་བཅོས་མ་བྱས་གོང་ཇུས་འགོད་ཞིབ་ཚགས་དང་དཔྱད་དཔོག་ཞིབ་ཚགས།གཤག་བཅོས་ཁྲོད་མཉམ་ལས་དམ་ཟབ། གཤག་བཅོས་བྱས་རྗེས་ནད་སྐྱོང་ཞིབ་ཚགས་བཅས་བྱས་པ་བརྒྱུད། ས་གནས་དེ་གའི་ཚོགས་པས་གཞོགས་འདེགས་གང་ལེགས་བྱས་པ་བརྒྱུད། སྨར་ཁམས་རྫོང་མི་དམངས་སྨན་ཁང་གི་ལོ་རྒྱུས་ཐོག་སྒལ་ཚིགས་རུས་ཆག་གཤགས་བཅོས་སླར་གསོ་བྱས་ནས་གྲུབ་འབྲས་ཐོབ་པའི་ལེགས་གྲུབ་བྱུང་ཐེངས་དང་པོ་རེད། གཤགས་བཅོས་རྗེས་བསྐྱར་ཞིབ་བྱས་པ་ལས་ནད་པའི་མཁར་གཞུང་ཚད་མཐོའི་སླར་གསོ་ཡག་པོ་བྱུང་ཡོད་པ་དང་། དབང་རྩའི་ནད་རྟགས་སླར་གསོ་ཡང་ཡག་པོ་བྱུང་ཡོད་པ་རེད། གཤག་བཅོས་ལེགས་གྲུབ་བྱུང་བ་དེས་རྒྱ་ཆེའི་མི་སེར་ལ་སྨན་པ་བསྟེན་རྒྱུར་སྟབས་བདེ་བསྐྲུན་ཡོད་ལ། སྨར་ཁམས་རྫོང་གི་རྨས་སྐྱོན་རུས་ནད་ཚན་ཁག་གི་བྱ་གཞག་ཐད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།