འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་29ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་(གཞི་རིམ་རྩ་འཛུགས་འཛུགས་སྐྱོང་)ལས་དོན་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་གཏོང་བའི་ཚོགས་འདུ་འཚོགས་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ལི་པིན་གྱིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་2022ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་དང་ཆབ་མདོ་གྲོང་ཁྱེར་གྱི་2022ལོའི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། དཔལ་འབར་རྫོང་དང་། སྨར་ཁམས་རྫོང་། གྲོང་ཨུད་གཞུང་ལས་ཁང་སོགས་ཚན་པས་སྤེལ་རེས་གཏམ་བཤད་སྤེལ་བ། ཁ་རུབ་ཆུས་དང་། བྲག་གཡབ་རྫོང་། གྲོང་ཁྱེར་སློབ་གསོ་ཅུས་སོགས་ཚན་པས་གཏམ་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པར་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་འཕྱུགས་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱེད་དགོས། དམིགས་ཚད་དང་ཁ་ཕྱོགས་གསལ་པོ་བཟོས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས། ཡང་དག་པའི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས། སྤྱི་ཁོག་དང་བྱེ་བྲག་དང་། གཞུང་འཁྱོངས་དང་གསར་འབྱེད། ཏང་འཛུགས་སྐྱོང་དང་ལས་སྒོ་བཅས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཆབ་མདོའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་དོན་ཁག་ལ་དུས་རབས་ཀྱི་རང་བཞིན་སྔར་བས་མངོན་པ་དང་། ཆོས་ཉིད་སྟངས་འཛིན་ཐུབ་པ། གསར་གཏོད་རང་བཞིན་ལྡན་པ་བཅས་ཡོང་བ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་མུ་མཐུད་ཡག་པོ་བསྒྲུབས་ནས་བླང་བྱ་ནན་པོ་དེ་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ཏང་འཛུགས་སྐྱོང་གི་ལས་འགན་ཁག་དམ་འཛིན་དང་ཏན་ཏིག་ངང་སྒྲུབ་དགོས། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས། བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་མཁར་རྫོང་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་གཙང་སྒྲུབ་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་འཛུགས་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་ལ་གནད་སྨིན་ངང་དམིགས་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་དང་ཁྲིམས་སྲོལ་ལམ་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་ལས་དོན་ལ་དམ་འཛིན་དང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།