国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月04日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་དང་། 《2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》

《2022ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་འབྲས་ཚུར་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། ངེད་གྲོང་ཁྱེར་གྱི2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིས་གོ་ཅུན། ལིས་ཧྲི་ཅང་ ལིས་པིང་། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། རན་ཧུའེ་མིན། ཝུའུ་དབྱིང་ཧའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་མགོ་ནས་མཇུག་བར་“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ཁྱབ་ཡོད་པས།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ཡིས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ལ་འགན་ལེན། ཞིང་འབྲོག་ཐོན་ལས་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《ལག་བསྟར་བསམ་འཆར》ནང་2023ལོའི་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཁ་གསལ་བཏོན་ཡོད་པས་དེ་ལ་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བཟུང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར། ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་འབྱོར་ཕྱུག་ཡོང་བ་བྱེད་པ་བཅས་སྔོན་ལ་འཇོག་པ་དང་། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ངེད་གྲོང་ཁྱེར་གྱི་“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། གཅིག་ནས་འགན་འཁྲི་འགན་ལེན་བྱས་ཏེ་སྲ་བརྟན་དུ་གཏོང་རྒྱུར་འགན་ལེན་བྱེད་དགོས། གཉིས་ནས་འགན་འཁྲི་ཏན་ཏིག་ངང་འཁུར་ནས་མཐའ་ཚད་ནན་སྲུང་བྱེད་དགོས། གསུམ་ནས་ཐོན་ལས་སྟོབས་ཆེར་བཏང་ནས་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། བཞི་ནས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོར་ཕན་པ་འདོགས་དགོས། ལྔ་ནས་སློབ་སྦྱོང་དང་བསྙེགས་བརྒལ་གཉིས་བསྡུར་བྱས་ནས་སྔོན་ཐོན་བརྩོན་ལེན་བྱ་དགོས་པའི་ནན་བཤད་གནང་ཡོད།