国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月04日

ཆབ་མདོ་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ།

ཀུང་ཧུའེ་ཚའེ་ཡིས་གསུང་བཤད་གནང་བ།

འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས་30ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

ཝུའུ་དབྱིང་ཅེས་དང་ཐོག་གྲོང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཕེབས་པའི་སྤུན་ཟླའི་ས་ཁུལ་དང་གྲོང་ཁྱེར་གྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་བློ་མཐུན་རྣམ་པར་སྙིང་དབུས་ནས་དགའ་བསུ་ཞུས་པ་རེད། ཀུང་ཧུའེ་ཚའེ་ཡིས་ཉེ་བའི་ལོ་ཤས་ནང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་ཚན་རྩལ་གསར་གཏོད་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ལས་བྱུང་བ་ཞིག་རེད་ལ།

གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་སྤྱི་འདོམས་སྐུལ་འདེད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོའི་དཀའ་སྤྱད་བློས་གཏོང་བཅས་དང་ཁ་འབྲལ་ཐབས་མེད་ཅེས་ནན་བཤད་གནང་བ་རེད།ཀུང་ཧུའེ་ཚའེ་ཡིས་གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ་དུས་རབས་གསར་པའི་ཚན་རྩལ་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་དགོས། གཉིས་ནས་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཚན་རྩལ་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཏན་ཏིག་ངང་མཐོར་འདེགས་གཏོང་བ་བྱེད་དགོས། གསུམ་ནས་རྩ་འཛུགས་ཀྱི་འགན་ལེན་ཆེ་རུ་བཏང་ནས་ཚན་རྩལ་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཤིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།

མི་དམངས་ཚོགས་པ་དང་ཚན་རྩལ་ལས་དོན་པའི་འཐུས་མིས་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ་དང་། ཚོགས་ཆེན་ཐོག་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་སྐབས་ལྔ་པའི་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུའུ་ཞི་གཞོན་པ། ཀྲུའུ་ཞི་བཅས་བདམས་ཐོན་བྱུང་བ་དང་། ཆབ་མདོ་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་སྐབས་བཞི་པའི་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། 《གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ལས་དོན་པར་སྤྲིངས་པའི་གྲོས་འདོན་ཡི་གེ》སྒྲོག་སྦྱངས་བྱས་པ་རེད།

ཐུའུ་དགའ་དང་། ཏེང་ཝུན་ཁྲང་། ཀའོ་ཞུའེ་ཝུན་བཅས་ཚོགས་འདུར་ཞུགས་པ་རེད།