འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བདེ་འཇགས་འཛུགས་སྐྱོང་དྲིལ་བསྒྲགས་ཀྱི་ཕན་འབྲས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ་3ཚེས་28ཉིན་གྱི་སྔ་དྲོ་གྲོང་ཁྱེར་དང་རྫོང(ཆུས)དུས་བདེ་གཞུང་དོན་ཁང་གིས་སྣེ་འཁྲིད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་པ་409ཡི་ལས་བྱེད་པ་908སྒྲིག་འཛུགས་བྱས་ནས་དུས་བདེ་འཛུགས་སྐྱོང་གི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་ཐེངས་ལྔ་པ་གཅིག་སྡུད་ཐོག་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“བྱ་སྤྱོད་ཚང་མ་བདེ་འཇགས་དང་ལག་གདང་སྦྲེལ་ནས་མཉམ་སྐྲུན་བྱས་ཏེ་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་ས་གནས་ས་ཐོག་ཏུ་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་51000ལྷག་ཙམ་དང་། དྲིལ་བསྒྲགས་དངོས་པོ་3000ལྷག་ཙམ། འོས་འགན་སྨན་བཅོས་མི་700ལྷག་ཙམ། སློབ་གསོ་ཐོབ་པའི་མང་ཚོགས་ཁྲི་4ལྷག་ཙམ་བཅས་སྤྲད་པ་རེད།

