འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བའི་སྐབས་སུ། ཚན་རྩལ་གྱི་འདེགས་སྐྱོར་ཆེ་རུ་གཏོང་ནས“ཞིང་གསུམ”ལ་ཞབས་འདེགས་ཧུར་ཐག་ཞུ་ཆེད། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་བྱེད་སྒོ་སྤེལ་བ་དང་། ཚན་རྩལ་ཞབས་ཞུས་དཔྱིད་རྨོད་དཔྱིད་འདེབས་ལ་རམ་འདེགས་བྱེད་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དང་ཞིང་ལས་ལས་དོན་འཐུས་ཤོར་མི་ཡོང་བ་ཆེད་དུ། གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་དཔྱིད་རྨོད་མ་བྱས་གོང་གི་ཞིང་སྤྱོད་རྒྱུ་ཆའི་ཆ་འཕྲིན་འཚོལ་བསྡུ་ཡག་པོ་སྔ་སྣུར་དུ་བྱེད་པ་དང་། ཞིང་སྤྱོད་རྒྱུ་ཆའི་གྲབས་གསོག་དང་གཏོང་འདྲེན། ཞིང་འཕྲུལ་བདེ་འཇགས་ཞིབ་བཤེར་སོགས་ཀྱི་ལས་དོན་ལ་རང་འགུལ་ངང་ཞུགས་ཏེ། ཞིང་འབྲོག་མང་ཚོགས་ལ་ཞིང་ལས་རྒྱུ་ཆའི་ཐོན་རྫས་འདེམས་སྤྱོད་དང་། ལུགས་མཐུན་ངང་ཞིང་ལུད་བེད་སྤྱོད། བརླན་སྲུང་ལག་རྩལ་སོགས་བྱེད་ཐབས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་ལུགས་མཐུན་ངང་ཞིང་ལས་རྒྱུ་ཆའི་ཐོན་རྫས་ཉོ་སྒྲུབ་དང་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་བྱ་རྒྱུ་སོགས་ཐད་ལ་ཁྲིད་སྟོན་བྱས་པ་རེད།
གཞན་ཡང་ཚན་རྩལ་ཅུས་ཀྱིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ། ཚན་རྩལ་ཆེད་མངགས་པ། ཚན་རྩལ་ཆེད་ལས་མི་སྣ་120ལྷག་ཙམ་མངགས་གཏོང་བྱས་ནས་རྒྱང་བསྒྲགས་དང་། སྐད་འཕྲིན་ཚོགས་པ། དུད་ཚང་དུ་བསྐྱོད་དེ་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་ཁ་དང་མུ་ཁར་ཏང་གི་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ལག་རྩལ་ཁྲིད་སྟོན་དང་ངོ་ཐུག་གདོང་འཕྲད་ངང་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་ཡག་པོ་བསྒྲུབས་པ་རེད།
མིག་སྔའི་བར། ཞིང་ལས་ཀྱི་དཔྱིད་རྨོད་དཔྱིད་གྲབས་ལག་རྩལ་གསོ་སྦྱོང་ཐེངས་12བྱས་པ་དང་། དུད་ཚང་230ལྷག་ཙམ་ལ་གསོ་སྦྱོང་བྱས་པ། ཞིང་འབྲོག་མང་ཚོགས་མི་ཐེངས་1100ལྷག་ཙམ་ལ་གསོ་སྦྱོང་བྱས་པ། མི་ཐེངས་3000ལྷག་ཙམ་ལ་བློ་འདྲི་མཛུབ་ཁྲིད་བྱས་པ་བཅས་རེད།

