འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། ཞིབ་དཔྱོད་གཞི་གཅིག་ཅན་གྱི་ལེགས་ཆ་གང་ལེགས་བཏོན་ནས་ཆབ་མདོ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཞན་ཆ་དང“ཞིབ་དཔྱོད་ཆེན་པོ་བཞིའི”ལས་སྒོའི་ཆུ་ཚད་དོ་མི་སྙོམས་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་ཆེད། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས《ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་པ་རེད།
《ཇུས་གཞིའི》ནང་། ན་སོ་དར་ལ་མ་བབས་པའི་མིར་ཕན་པ་ཆེ་ཤོས་སྐྲུན་པའི་རྩ་དོན་ལ་གཞིགས་ནས། ཁྲིམས་ལྟར་རང་འགུལ་དང་གཅིག་སྡུད་གཅིག་གྱུར་གྱིས“ཞིབ་དཔྱོད་ཆེན་པོ་བཞིའི”འགན་ནུས་ལག་ལེན་བསྟར་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་འགན་ལེན་དམིགས་ཚད་དུ་བྱས་ནས་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་བཤེར་ལས་དོན་ཆེད་ལས་ཅན་དང་། ཐོན་ཁུངས་གཅིག་སྡུད་ཅན། དཔུང་ཁག་ཆེད་ལས་ཅན། དྲིལ་བསྒྲགས་སྣ་མང་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་ལུགས་ཁ་གསལ་བསྟན་ཡོད།
《ཇུས་གཞིའི》ནང་། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པ“གངས་ལྷ་མེ་ཏོག”གཅིག་གྱུར་བཙུགས་ནས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྐབས“གངས་ལྷ་མེ་ཏོག”གི་མཚོན་རྟགས་དང་། ཚོགས་པའི་འབོད་ཚིག འགུལ་རིས་གཟུགས་བརྙན་བཅས་གཅིག་གྱུར་སྤྱོད་པ་དང་། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་བཤེར་ལས་དོན་སྒྲུབ་མཁན་ཞིབ་དཔྱོད་དཔོན་ཕུལ་བྱུང་སྐོང་འཐེན་བྱས་ནས་སྤྱོད་ཚུལ་ལེགས་ཤིང་ལས་སྒོ་བྱང་ཆུབ་པའི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པ་ཞིག་གཏོད་རྒྱུར་གཞོལ་ཏེ། གྲོང་ཁྱེར་དེ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གྱོད་གཞི་སྒྲུབ་པ་དང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་སྤེལ་བའི་སྒོ་ནས“གངས་ལྷ་མེ་ཏོག”གི་སྤུས་རྟགས་ཧུར་ཐག་གཏོད་དགོས་པ་ཁ་གསལ་བསྟན་ཡོད།

