འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་28ཉིན། 2023ལོའི་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ནོར་སྲིད་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། 2022ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་དཔྱད་ཞིབ་འཇུག་འབྲས་བརྡ་ཁྱབ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་གྱི་སྙན་ཞུ་ཉན་པ་བཅས་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའོ་ཆིན་འུའུ་ཡིས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་སྒྲུབ་པ། གསོག་ཐེབས་ཕན་སྒྱུར་དང་། འཕེལ་འབོར་ནང་འདྲེན། སྤུས་ཚད་མཐོར་གཏོང་། སྤྱི་འབོར་མང་གཏོང་བཅས་བྱས་ཏེ་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ནོར་སྲིད་ཚན་པས་དམིགས་བསལ་གྱི་འགན་འཁྲི་འཁུར་བ་དང་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“གཏན་འཁེལ་གཉིས”ཀྱི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས་“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཞིབ་ཕྲ་ཅན་དང་“འཛུགས་གཏོད་བཞི”གཙོ་རྒོལ་དུ་བྱེད་པ། གནད་དོན་ཁྲིད་ཕྱོགས་སུ་བཟུང་ནས་འདུ་ཤེས་བསྒྱུར་རྒྱུ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་རྒྱུ་ནོར་བདག་གཉེར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་སྔར་ལས་ལེགས་པར་འཁུར་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བྱེད་པ།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ཚན་རིག་དང་མཐུན་པའི་ངང་ནོར་སྲིད་སྔོན་རྩིས་དོ་དམ་དང་གཏོང་སྒོ་ལུགས་མཐུན་ངང་ཡག་པོ་སྒྲུབ་པ། འབབ་འཕར་གྲོན་ཆུང་གི་ལས་དོན་མུ་མཐུད་དམ་འཛིན་བྱེད་པ། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནོར་སྲིད་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། ནོར་སྲིད་དཔུང་ཁག་གིས་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནོར་སྲིད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་འགན་ལེན་ནུས་ལྡན་ཡོང་བ་བྱེད་དགོས་ཞེས་བསྟན།

