འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་28ཉིན་ངེད་གྲོང་ཁྱེར་གྱི་ཚན་པ་ཁག་དང་ལས་ཁུངས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཡོད། གྲོང་ཨུད་རྩ་འཛུགས་པུས(གྲོང་ཁྱེར་རྨང་བརྟན་གཞུང་དོན་ཁང)དང་སྡེ་ཚོགས་གྲོང་ཨུད་ཀྱིས་གཡེར་སྟོད་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག“དེ་རིང་གི་འཚོ་བར་གཅེས་སྤྲས་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་པའི་རིག་རྩལ་འཁྲབ་སྟོན་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ལས་ཁུངས་ཏང་ཨུད་ཀྱིས“ཚོགས་ཆེན་ཉི་ཤུ་པའི་སློབ་སྦྱོང་ལག་བསྟར་བྱས་ཏེ། 3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོར་དྲན་གསོ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་འཁྱུར་ངལ་གསོའི་རིགས་གཅིག་མཁས་ཅན་5སྒྲིག་འཛུགས་བྱས་ནས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་སེང་གེ་གྲོང་ཚོར་བསྐྱོད་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་སྨན་བཅོས་དང་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དར་རྒྱས་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་དང་མཉམ་འབྲེལ་བྱས་ཏེ“3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོར་དྲན་གསོ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཁྱིམ་དུ་སྡོད་པའི་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས“3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོར་དྲན་གསོ་ཞུ”ཞེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས(ཀུང་སི)ཀྱིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་རེད། བྲག་གཡབ་རྫོང་དང་། རི་བོ་ཆེ་རྫོང་། འཇོ་མདའ་རྫོང་། དཔའ་ཤོད་རྫོང་སོགས་སུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱིས“3·28བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོའི”ཏང་ཕྱིའི་འཐུས་མི་དང་དམངས་གཉེར་དཔལ་འབྱོར་གྱི་འཐུས་མིས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཆབ་མདོ་གྲོང་ཁྱེར་བུད་མེད་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱིས་དཔའ་རི་ཤང་དུ་དངོས་ཟོག་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་པ་རེད།