2017ལོ། ②
★ ཟླ་7ཚེས་30ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་འཚོགས་ཤིང་། ཞི་ཅིན་ཕིང་གིས་དམག་དཔུང་ལ་གཟིགས་ཞིབ་གནང་བ་རེད། ཟླ་8ཚེས་1ཉིན། ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད།
★ ཟླ་9ཚེས་3ཉིན་ནས་ཚེས་5ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་ཧྥུའུ་ཅན་ཞ་མོན་དུ་བྱས་ཤིང་། ཞི་ཅིན་ཕིང་གིས་མཇལ་འཛོམས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
★ ཟླ་10ཚེས་18ཉིན་ནས་ཚེས་24ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཤིང་། ཚོགས་ཆེན་གྱི་དངོས་གཞིའི་འཐུས་མི་2280དང་། དམིགས་བསལ་གདན་ཞུས་འཐུས་མི་74ཡིས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་8900ལྷག་ཙམ་གྱི་ཚབ་ཞུས་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྙན་ཞུ《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་དགོས》ཞེས་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བར་གྱུར་བ་སོགས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་བཏོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་གཏན་འཁེལ་བྱས་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་བཏོན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་དམིགས་ཚད་གཏན་འཁེལ་བྱས་ཡོད། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་མཉམ་དུ་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་རེད།
★ ཟླ་10ཚེས་25ཉིན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུར་བདམས་པ་དང་ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ། ཞི་ཅིན་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཀྲའོ་ལེ་ཅི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་ཆོག་མཆན་སྤྲད་པ་རེད།
★ ཟླ་10ཚེས་27ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ“འདུ་ཤེས་བཞི”འཛུགས་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རང་རྟོགས་ངང་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན་ཡོད། 《གཏན་འབེབས》གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཡོངས་ཀྱིས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་ཐེངས་རེ་བྱེད་ཀྱི་ཡོད། དེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཏུ་གྱུར་ཡོད།
2017ལོ། ③
★ ཉིན་དེར། ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་དགུ་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་རེད། 2021ལོའི་ཟླ་5པ་བར། འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དམིགས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་30བྱས་པ་རེད།
★ ཟླ་11ཚེས་5ཉིན། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་དྲ་ཚོ་དང་པོ་དང་གཉིས་པ་ལས་གྲུབ་པའི་དྲ་རྒྱའི་སྲུང་སྐར“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་རྣམ་པར་བརྟེན་ནས་གྲུབ་འབྲས་ཐོབ་པའི་ངང་འཕངས་པ་ལས་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་གོ་ལ་ཧྲིལ་པོའི་དྲ་རྒྱ་ནས་སྤྱོད་འགོ་ཚུགས་པ་མཚོན་ཡོད། དེ་ནི་ཨ་རིའི་གོ་ལ་ཧྲིལ་པོའི་ངེས་གནས་མ་ལག(GPS)དང་། ཨུ་རུ་སུའི་ཀེ་ལོ་ན་སིའི་མ་ལག ཡོ་རོབ་ཀྱི་ཅ་ལི་ལུའེ་མ་ལག་བཅས་དང་འདྲ་བའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཅིག་རེད། 2018ལོའི་ཟླ་12ཚེས་27ཉིན། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གཞི་རྩའི་མ་ལག་བསྐྲུན་ཟིན་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ། གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ་འགོ་ཚུགས་ཡོད། 2020ལོའི་ཟླ་7ཚེས་31ཉིན། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
★ ཟླ་11ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེར་སྐྱོང་དཔྱ་ཁྲལ་གྱི་གནས་སྐབས་སྲོལ་ཡིག〉མེད་པར་བཟོ་བ་དང〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་ཐང་འཕར་ཁྲལ་གྱི་གནས་སྐབས་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད། གཉེར་སྐྱོང་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་ལ་སྒྱུར་བའི་སྒྱུར་བཅོས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
★ ཟླ་11ཚེས་30ཉིན་ནས་ཟླ་12ཚེས་3ཉིན་བར། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་གྱི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཟླ་12ཚེས་1ཉིན། ཞི་ཅིན་ཕིང་གླེང་མོལ་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་གནང་བ་རེད།
★ ཟླ་12ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ་རེད། 2018ལོའི་ཟླ་1ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་12པ་ནས་བཟུང་། དྲག་ཆས་ཉེན་རྟོག་དཔུང་སྡེར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱས་ཏེ། ཀྲུང་དབྱང་དམག་ཨུད་ཀྱི་སྒྲིག་ཁོངས་སུ་བཅུག་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོ་རིམ་དུ་བཅུག་མེད།
★ ཟླ་12ཚེས་18ནས་20ཉིན་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་རེད།
★ ཟླ་12ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད། 2018ལོའི་ཟླ་10པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པར《2017ལོའི་ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་སྙན་སྒྲོན》དང《2017ལོའི་ལོ་འཁོར་གྱི་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སྙན་སྒྲོན》ལ་གྲོས་ཞིབ་བྱས་པ་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཡོངས་སུ་འདུས་པ་དང་ཁྱོན་ཡོངས་ལ་ཁྱབ་པའི”བླང་བྱ་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་སྙན་སེང་ཞུ་ཐེངས་དང་པོ་རེད།
(རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང)
(མུ་མཐུད་འགོད་རྒྱུ)