国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

བྲག་གཡབ་ཀྱིས“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་དུད་ཁྱིམ་ཁྲི་ལ་བསྐྱོད་པ”ཞེས་པའི་གློག་བརྙན་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། བྲག་གཡབ་རྫོང་གི་2023ལོའི་གཞི་རིམ་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོངཆེད། ཉེ་ཆར། བྲག་གཡབ་རྫོང་གློག་བརྙན་དོ་དམ་ས་ཚིགས་ཀྱིས“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་དུད་ཁྱིམ་ཁྲི་ལ་བསྐྱོད་པ”ཞེས་པའི་སྤྱི་ཕན་གློག་བརྙན་འགྲེམས་སྟོན་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ནས་བྲག་གཡབ་རྫོང་ཀྲུང་གོའི་ཧ་ཡང་ཐང་ཆེན་དང་། རྫོང་སློབ་ཆུང་གཉིས་པ། བྱམས་མདུན་གྲོང་རྡལ་སློབ་ཆུང་། དཀྱིལ་ཐང་གྲོང་རྡལ་སློབ་ཆུང་། སྒང་རྩེ་མཁར་གྱི་དབུལ་སྐྱོར་གནས་སྤོའི་བྱེད་སྒོ་སྤེལ་ཡུལ་དུ་བསྟན་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ཐོག《སྤུ་བདག་གི་ལམ་བུ》དང་《ཏང་འཛུགས་ཀྱི་བྱ་གཞག་རླབས་པོ་ཆེ》སོགས་རྒྱལ་གཅེས་རིང་ལུགས་ཀྱི་རྒྱ་སྐད་དང་བོད་སྐད་ཀྱི་གློག་བརྙན་བདམས་ནས་རྒྱ་ཆེའི་མང་ཚོགས་དང་སློབ་མར་སྤྱི་ཕན་གློག་བརྙན་སྟོན་བར་བརྟེན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད། མིག་སྔའི་བར་བྲག་གཡབ་རྫོང་གི་གློག་བརྙན་འགྲེམས་སྟོན་ས་ཚིགས་ཀྱིས་ཁྱོན་གློག་བརྙན་འགྲེམས་སྟོན་བྱེད་སྒོ་ཐེངས་46སྤེལ་བ་དང་གློག་བརྙན་ལྟ་མཁན་མི་ཐེངས་1100ལྷག་ཙམ་ཟིན་ཡོད་པ་རེད།