国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

དྭངས་གཙང་ཆུ་མོའི་བཞུར་རྒྱུན། ཁྱོད་དང་ང་ཡིས་བསྲུངས་ཡོད།

པར་ནི་ལས་དོན་མི་སྣས་ཆུ་གྲོན་ཆུང་བྱེད་པའི་རྒྱུན་ཤེས་དྲིལ་བསྒྲགས་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་22ཉིན། དཔལ་འབར་རྫོང་ཆུ་བེད་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ་“ཁྲིམས་ལྟར་ཆུ་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་མ་ཡུམ་གཙང་པོ་སྲུང་སྐྱོང་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་དམིགས་ནས་2023ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ལས་བྱེད་མི་སྣས་དྲིལ་བསྒྲགས་བྱེད་གནས་འཛུགས་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་སྦྱར་ཡིག་འཇོག་པ། ཆུ་གྲོན་ཆུང་གི་ཤེས་བྱ་ལན་འདེབས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གཙོ་བོ་མིག་སྔའི་ཆུའི་ཐོན་ཁུངས་ཀྱི་ཛ་དྲག་དུས་བབ་དང་། རྒྱུན་གཏན་གྱི་འཚོ་བའི་ནང་ཆུ་གྲོན་ཆུང་བྱེད་པའི་རྒྱུན་ཤེས་ཆུང་ངུ། ཆུ་ཁྲིམས་དང་ཆུ་སྲོལ་སོགས་ཀྱི་སློབ་ཁྲིད་བྱས་ནས་མང་ཚོགས་དང་མཉམ་འགུལ་ཡག་པོ་བྱས་ཏེ་མང་ཚོགས་ཞུགས་པའི་རང་བཞིན་སྐོང་འཐེན་གྱིས་ཆུའི་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཆུ་གྲོན་ཆུང་གི་འདུ་ཤེས་བཟང་མོ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ་དང་། ཆུ་སྤྱོད་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ཆུ་སྤྱོད་པའི་གོམས་གཤིས་བཟང་པོ་ཆགས་པ་བཅས་བྱས་ནས་རྒྱུན་གཏན་གྱི་འཚོ་བའི་ནང་ཆུ་ལ་གཅེས་སྤྲས་དང་། ཆུ་ལ་དགའ་ཞེན། ཆུ་གྲོན་ཆུང་བཅས་ཐུབ་པ་བྱེད་ཡོད། ཤང་ཁག་གིས་(གྲོང་རྡལ་)དུས་མཉམ་དུ་སྤེལ་བ་རེད། ཚེ་སྲོག་གི་འབྱུང་ཁུངས་སྲུང་བའི་ཆུ་གྲོན་ཆུང་དང་ཆུ་སྲུང་རྒྱུ་དེ་རང་ཉིད་ནས་འགོ་བརྩམས་ཏེ་བསྒྲུབ་དགོས།