国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

ཆབ་མདོ་གྲོང་ཁྱེར་གྱིས་2023ལོའི་“འཛམ་གླིང་ཆུའི་ཉིན་མོ”དང་“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

པར་འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”ཐེངས་སུམ་ཅུ་པ་དང་ཟླ་3ཚེས་22ནས་ཚེས་28ཉིན་བར་ནི“ཀྲུང་གོའི་ཆུའི་གཟའ་འཁོར”་སྐབས་སོ་ལྔ་པ་ཡིན། ཚེས་22ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་སོགས་ཚན་པས་ཇ་རྟའི་ཐང་ཆེན་དུ་“ཁྲིམས་ལྟར་ཆུ་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་མ་ཡུམ་གཙང་བོར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་2023ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། བློ་འདྲིའི་ལས་སྟེགས་བཙུགས་པ་དང་དྲིལ་བསྒྲགས་སྦྱར་ཡིག་བཀལ་བ། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་བློ་འདྲི་བྱེད་པར་ཡོང་བའི་གྲོང་མི་ཚོར་ས་ཆུ་སྲུང་འཛིན་དང་། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་འཛུགས་སྐྱོང་། ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་དང་འབྲེལ་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ནང་མང་ཚོགས་ལ་ལག་དེབ་སྣ་ཚོགས་ཁྱོན་2000ལྷག་ཙམ་དང་དྲིལ་བསྒྲགས་ཤོག་ལྷེ་200ལྷག་ཙམ་སྤྲད་པ་རེད།