国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

ཆབ་མདོ་གྲོང་ཁྱེར་གྱིས་དཀའ་གནད་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཞིག་ཐག་གཅོད་ཐུབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་20ཉིན། ཆབ་མདོའི་བག་ཆགས་ཁུལ་ཆུང་དུ་སྡོད་པའི་ཁང་བདག་དབྱང་ཁྲེང་ཅིན་གྱི་ལོ་མང་རིང་གི“སེམས་ནད་”གཞི་ནས་སེལ་ཐུབ་པ་བྱུང་། “2018ལོར་གནས་སྡོད་བྱས་ཚུན་བདག་དབང་ལག་ཁྱེར་གཏན་ནས་ལག་ཐོག་ཏུ་རག་མ་ཐུབ། ཡིག་འབུལ་ཞུ་བཅར་ཅུས་སོགས་འབྲེལ་ཡོད་ཚན་པས་ང་ཚོར་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

ཟླ་3ཚེས་20ཉིན། རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཆབ་མདོའི་བག་ཆགས་ཁུལ་ཆུང་གི་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དང་གྱོད་རྙིང་ཐག་གཅོད་ཡིག་འབུལ་ཞུ་བཅར་གྱི་འདུམ་འགྲིག་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་ཁུལ་ཆུང་གི་དོ་བདག་དུད་ཚང་300ལྷག་ཙམ་ལ་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་རག་ནས་དུས་ཡུན་ལོ་4ཡི་གྱོད་རྙིང་དེ་བདེ་བླག་ངང་ཐག་གཅོད་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོའི་བག་ཆགས་ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་དེ་གན་རྒྱའི་ཁ་ཆད་ལྟར་འདོན་ཚོང་པས་2018ལོར་ཁང་པ་རྩིས་སྤྲོད་དགོས་པ་དང་ཁང་བདག་ནི་2018ལོར་གཏན་སྡོད་ཐུབ་རྒྱུ་བྱུང་མོད། འོན་ཀྱང་འདོན་ཚོང་པས་བུ་ལོན་མང་བ་དང་རྒྱུ་ནོར་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ནུས་པ་མེད་པར་གྱུར་བའི་རྐྱེན་གྱིས། རྗེས་མཐུད་བཟོ་སྐྲུན་ལེགས་འགྲུབ་ཀྱི་ཞིབ་བཤེར་རྩིས་ལེན་དང་། ཐོན་དབང་འཛིན་ཡིག་ལེན་པ། སྤུས་ཚད་འགན་ལེན་སོགས་ཀྱི་དོན་ཚན་ཡང་བསྐྱར་ནར་འགྱངས་སུ་ཕྱིན་ནས། 2018ལོ་ནས་བཟུང་ཆབ་མདོའི་བག་ཆགས་ཁུལ་ཆུང་གི་དུད་ཚང་གིས་འབྲེལ་ཡོད་སྡེ་ཚན་ལ་རེ་འདུན་ཐེངས་མང་ཞུས་ནས་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་ཐེངས་མང་བྱས་ཀྱང་སྔར་བཞིན་གནད་དོན་ཐག་གཅོད་ཐུབ་མེད།

ཉེ་བའི་ལོ་ཤས་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཀྱི་བསམ་འདུན་དང་འབོད་སྒྲར་ཚད་མཐོའི་དོ་ཁུར་བྱས་ནས་མང་ཚོགས་ཀྱི་“བདེ་སྡུག་”དུས་ཐོག་ཏུ་ཤེས་རྟོགས་དང་། མང་ཚོགས་ཀྱི་“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཁོང་དུ་ཆུད་པ། སྒུག་རྟེན་དང་གཡོལ་ཐབས་མི་བྱེད་པ། གྱོད་གཞི་སྒྲུབ་འགན་གཙང་ལེན་དང་། ཞུ་བཅར་སྣེ་ལེན། གཤམ་ལ་བཅར་འདྲིར་འགྲོ་བ། ངོ་བཅར་ཐུག་འཕྲད་བཅས་དོན་འཁྱོལ་ནན་ཏན། ཡིག་སྐུར་ངོ་བཅར་གྱི་གནད་དོན་གལ་ཆེན་ཧུར་བརྩོན་དང་བརྟན་བརླིང་ངང་ཐག་གཅོད་ཧུར་ཐག མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་ནན་ཏན་བཅས་བྱས་ནས་དོན་དག་བཟང་པོ་མང་ཚོགས་ཀྱི་སེམས་སུ་ཟུག་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ན་ནིང་ནས་བཟུང་། ངེད་གྲོང་ཁྱེར་གྱིས་ཁྱོན་བསྡོམས་ཡིག་འབུལ་ཞུ་བཅར་གྱི་མངོན་མེད་རྐྱེན་ངན་གཙོ་བོ22དང་། དཀའ་གནད་ཆེ་བའི་ཡིག་འབུལ་ངོ་བཅར་གྱི་དོན་རྐྱེན་2ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།