国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

ད་ལོར་ཆབ་མདོ་གྲོང་ཁྱེར་གྱིས་རྣམ་གྲངས་ཐད་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར200.89ལེགས་འགྲུབ་བྱ་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་སྔོན། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། “མ་དངུལ་འཇོག་པའི་དོན་འཁྱོལ་ལོའི”ལས་དོན་བཀོད་སྒྲིག་གི་བླང་བྱ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་ཆེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཁག་བྲེལ་འཚུབ་འཛུགས་སྐྲུན་དང་འཕེལ་རིམ་དམ་འཛིན་གྱི་རྣམ་པར་སླེབས་ནས། ལས་མགོ་བསྐྱར་ཚུགས་ཀྱི“བསྡུ་རུབ་ཅོང་བརྡ”བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས2023ལོར་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས397ལག་བསྟར་དང་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར200.89ལེགས་འགྲུབ་བྱ་རྩིས་ཡོད། དེའི་ཁྲོད་མཐུད་སྐྲུན་རྣམ་གྲངས167ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར120.72ལག་བསྟར་བྱ་རྒྱུ་ཡིན་ལ། གསར་སྐྲུན་རྣམ་གྲངས230ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར80.17ལེགས་པར་འགྲུབ་པའི་འཆར་གཞི་ཡོད། སྔོན་དཔག་བྱས་པ་ལྟར་ན་དུས་ཚིགས་དང་པོར་ལས་མགོ་བསྐྱར་ཚུགས་བྱས་ཆོག་པའི་རྣམ་གྲངས204ཡོད་པ་དང་ལས་མགོ་ཚུགས་ཚད51.4%ལ་སླེབས་ཡོད།

ཆབ་མདོ་གྲོང་ཁྱེར་ཆབ་མདོ་རྫོང་ཁྲེང་ཀོན་གྲོང་རྡལ་གཡེར་སྟོད་གྲོང་ཚོའི་འཁོར་རྒྱུག་ཁང་བ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་སུ་འཕྲུལ་ཆས་སྣ་ཚོགས་ཀྱི་ལྡིར་སྒྲ་གྲགས་པ་དང་བཟོ་བ་ཚོས་ཤེད་ཤུགས་གང་ཡོད་བཏོན་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་པས། ཨར་ལས་ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། ཤེས་གསལ་ལྟར་ན། རྣམ་གྲངས་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ51000ཡོད་པ་དང2022ལོའི་ལོ་མཇུག་ཏུ་ཀ་རྟེན་རྨང་གཞིའི་ལས་གཞི་ལེགས་པར་འགྲུབ་ནས། མིག་སྔར་ཞི་ཐེག་ཚོད་ལྟ་བྱེད་བཞིན་ཡོད་ལ་སྔོན་དཔག་བྱས་ན2024ལོའི་ཟླ8པར་ལས་མཇུག་སྒྲིལ་རྒྱུ་རེད།

གཞན་ཡང་། རྣམ་གྲངས་ཀྱི་ལས་མགོ་ཚུགས་པ་དང་ལས་མགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཆེད་དམིགས་ལས་དོན་ཚན་ཆུང་འཐབ་ས་དང་པོར་མངགས་ནས་གནས་ཚུལ་ངོ་མ་ཁོང་དུ་ཆུད་པར་བྱས་པ་དང་། བྲག་གཡབ་དང་དཔའ་ཤོད།རི་བོ་ཆེ་སོགས་རྫོང་དང་ཆུས11ལ་སྐྱོད་དེ2023ལོའི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་སྐུལ་འདེད་ལས་དོན་སྤེལ་བ་རེད། 2023ལོར་གསར་དུ་སྐྲུན་མགོ་ཚུགས་པའི་རྣམ་གྲངས་ཀྱིས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གོ་རིམ་ལག་ལེན་ཐད་ཞིབ་བཤེར་བྱས་པ་དང་། །

ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ལན་སློག་པ་མ་ཟད་དག་ཐེར་ལ་སྐུལ་འདེད་བཏང་ནས། འཛུགས་སྐྲུན་ཚན་པར་དུས་ཚོད་ཀྱི་གོ་རིམ་དང་འཕེལ་རིམ་ལྟར་ལས་གཞིའི་སྤུས་ཚད་དང་འཛུགས་སྐྲུན་འཕེལ་རིམ་དམ་འཛིན་ལེགས་པོ་བྱེད་པའི་བླང་བྱ་འདོན་པ། ཡུལ་དངོས་སྐུལ་འདེད་དང་བརྗེ་རེས་མཛུབ་སྟོན། རོགས་རམ་མཐུན་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཆབ་མདོ་གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་མྱུར་བགྲོད་ལམ་དུ་ཞུགས་དགོས ད་ལོར། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་རྣམ་གྲངས་དམ་འཛིན་དང་མ་དངུལ་འཇོག་པར་སྐུལ་འདེད་བཏང་ནས་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་འགན་འཁྲི་ཚན་པས་ལས་མགོ་མ་ཚུགས་གོང་གི་རྣམ་གྲངས་ཁག་གི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་དུས་ཐོག་ཏུ་སྒྲུབ་གཉེར་བྱེད་པར་སྐུལ་འདེད་གཏོང་བ། དེ་དང་ཆབས་ཅིག་ཏུ་ཨར་ལས་ཕྱོགས་ཀྱིས་མི་སྣ་སྒྲིག་འཛུགས་དང་རྒྱུ་ཆ་ཉོ་སྒྲུབ། སྒྲིག་ཆས་དབོར་འདྲེན། བདེ་འཇགས་གོ་རིམ་ལྡན་པའི་སྒོ་ནས་ལས་མགོ་བསྐྱར་ཚུགས་བཅས་དུས་ཐོག་ཏུ་སྒྲུབ་པར་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོར་རྒྱལ་ཁ་ལེན་པ་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོ་དང་འཕར་སྣོན་ལ་སྐུལ་འདེད་བཏང་ནས་མགོ་ཡག་པོ་རྩོམ་པར་འགན་ལེན་ཏན་ཏིག་བྱེད་དགོས།