国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月24日

ཆབ་མདོ་གྲོང་ཁྱེར་གྱི2023ལོའི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་ཞིབ་ སྐུལ་སློང་ཚོགས་འདུ་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་20ཉིན་ཆབ་མདོ་གྲོང་ཁྱེར་གྱི2023ལོའི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་ཞིབ་སྐུལ་སློང་ཚོགས་འདུ་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིས་པིང་གིས་《སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་ཞིབ་ཚོགས་ཆུང་དང་གྲོང་ཨུད་ཀྱི་སྐོར་ཞིབ་མཛུབ་སྟོན་དང་ལྟ་སྐུལ་ཚོགས་ཆུང་གི་ཙུའུ་ཀྲང་གི་དབང་སྤྲོད་འགན་བཞེས་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གདམ་བྱའི་འོས་མི། གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཝང་ཧྲི་ཡུས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།

སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐབས་གཉིས་པའི་གྲོང་ཨུད་ཀྱི་སྐོར་ཞིབ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་། སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་ཞིབ་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས་སྐོར་ཞིབ་དང་ལྟ་སྐུལ་འགན་ནུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་དགོས། གཅིག་ནས་“གཏན་འཁེལ་གཉིས་”སྲུང་སྐྱོབ་བྱས་ནས་ཕྱོགས་ཡོངས་ནས་ཆབ་སྲིད་ལྟ་སྐུལ་ནན་པོ་བྱེད་དགོས། གཉིས་ནས“གནད་དོན་གྱི་ཁྲིད་ཕྱོགས”མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྫུན་གཡོལ་ན་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་དགོས། གསུམ་ནས་“བརྟན་ཐོག་ཡར་འཕེལ་”མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ལྟ་སྐུལ་གྱི་གཙོ་གནད་འཕྱུགས་མེད་ཡོང་བ་བྱས་ནས་སྐོར་ཞིབ་་དང་ལྟ་སྐུལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ནུས་ལྡན་དང་ཕན་ནུས་གཏོང་དགོས། གཅིག་ནས་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་བྱས་ནས་སྣོད་བཅུད་ཀྱི་འགན་འཁྲིའི་ཐད་གཅིག་སྡུད་ཐོག་མཉམ་འགུལ་སྐོར་ཞིབ་ཡག་པོ་བྱེད་དགོས། གཉིས་ནས་དུས་བབ་དང་ལས་འགན་གསལ་རྟོགས་བྱས་ཏེ་སྐོར་ཞིབ་བྱ་ཡུལ་ཚན་པའི་འགན་འཁྲིར་དམིགས་ནས་རྒྱུན་གཏན་གྱི་སྐོར་ཞིབ་ཡག་པོ་བྱེད་དགོས། གསུམ་ནས་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་འགན་ནུས་འགན་འཁྲི་ཁ་གསལ་བཟོས་ནས་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་རང་འགན་གཙང་སྒྲུབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་སྐོར་ཞིབ་དང་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། གཅིག་ནས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་བྱ་ཐབས་དང་གོ་རིམ་ཁོང་དུ་ཆུད་པ་བྱེད་དགོས། གཉིས་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་སྲུང་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་རང་འགུལ་ངང་མཛུབ་ཁྲིད་དང་ལེན་དང་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། བཞི་ནས་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་དོ་སྣང་བྱས་ཏེ་དག་ཐེར་ཡོ་བསྲང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཆབ་མདོར་ཚོགས་ར་གཙོ་བོ་དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་ཡོད། གྲོང་ཨུད་རེས་སྐོར་ལྔ་པའི་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཙུའུ་ཀྲང་གཞོན་པ། དེ་བཞིན་ཁོངས་མི་བཅས་དང་། གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་འགན་འཁུར་བ་གཙོ་བོ། གྲོང་ཨུད་སྐོར་ཞིབ་ལས་དོན་གཞུང་དོན་ཁང་གི་ལས་བྱེད་པ་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས་ཡོད། རང་སྐྱོང་ལྗོངས་མཛུབ་ཁྲིད་ལྟ་སྐུལ་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་ཡོད།