国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月24日

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་དཔུང་སྡེར་ དཔྱིད་གསར་དུས་ཆེན་ལ་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོ་ཡན་ལག་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་ཡན་ལག་དམག་ཁུལ་དང་དྲག་ཆས་ཉེན་རྟོག་ཆབ་མདོའི་ཉིང་ལག་རུ་ཁག་གི་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ་རང་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་རྒྱ་ཆེའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ལ་དཔྱིད་གསར་གྱི་འཚམས་འདྲི་ཞུས་པ་རེད།

ཆབ་མདོའི་ཡན་ལག་དམག་ཁུལ་གྱི་སྒར་ཁུལ་དང་དྲག་ཆས་ཉེན་རྟོག་ཆབ་མདོའི་ཉིང་ལག་རུ་ཁག་གི་བཅའ་སྡོད་བྱ་ཡུལ་དུ་ཀུང་ཧུའེ་ཚའེ་ཡིས་དཔུང་སྡེའི་དཔོན་དམག་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་ནས་ཁ་བཏགས་གཡོགས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ཏེ་དཔུང་སྡེ་དེང་རབས་ཅན་དུ་འཛུགས་སྐྲུན་དང་དཔོན་དམག་ཚོའི་སྦྱོང་བརྡར་དང་འཚོ་བའི་གནས་ཚུལ་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འདས་ཟིན་པའི་ལོ་གཅིག་རིང་གི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བར་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

ཀུང་ཧུའེ་ཚའེ་ཡིས་དུས་ཡུན་རིང་པོར་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་ངང་འགན་འཁྲི་དང་ལས་འགན་སྒྲུབ་པ་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་ནས་ས་གནས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པ་དང་ལྷག་པར་དུ་གཉིས་བཀུར་མཉམ་སྐྲུན་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྔམ་བརྗིད་ལྡན་པའི་དཔུང་སྡེ་དང་ཡ་རབས་ཚུལ་ལྡན་གྱི་དཔུང་སྡེ། རྒྱལ་ཁའི་དཔུང་སྡེ་བཅས་ཀྱི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པར་བྱས་ཡོད་ཅེས་བསྟན་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། "ལོ་ལྔ་ཚན་བཅུ་བཞི་པའི"འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་དང་། "ཁུལ་གསུམ་དང་མཐོ་ས་གཅིག"གི་འཆར་འགོད་དོན་འཁྱོལ་ལ་སྐུལ་འདེད་གཏོང་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། དེ་བས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས། རྒྱ་ཆེའི་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་དཔུང་སྡེས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ས་གནས་འཛུགས་སྐྱོང་ནང་མུ་མཐུད་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་ཐད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཤིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་དཔུང་སྡེ་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྲུང་ལ་ཐུགས་ཁུར་དང་དམག་མིར་གོང་བཀུར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཤུགས་ཆེན་གཏོད་པ་དང་དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་གསུང་གནང་ཡོད། གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་པོར་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་འགན་འཁྲི་དང་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་ས་གནས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་རང་འགུལ་ངང་ཛ་དྲག་དང་དཀའ་ཉེན་ཆེ་བའི་ལས་འགན་ལྕི་པོ་འཁུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཏེང་ཝུན་ཁྲང་དང་དབང་འདུས། ཧུའུ་ཏེང་ཧྥུ་བཅས་འཚམས་འདྲི་གནང་བའི་བྱེད་སྒོར་ཞུགས་ཡོད་པ་རེད།