国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月24日

ཆབ་མདོ་གྲོང་ཁྱེར་གྱིས2023ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གདན་འཛོམས་ཚོགས་འདུ་འཚོགས་པ།

གདན་འཛོམས་ཚོགས་འདུ།

ཀུང་ཧུའེ་ཚའེ་ཡིས་ཤིས་ཚིག་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས20ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས2023ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གདན་འཛོམས་ཚོགས་འདུ་སྐོང་འཚོགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་རྣམས་ལྷན་དུ་འཛོམས་ནས་དུས་ཆེན་གཉམ་གཏོང་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོའི་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀུང་ཧུའེ་ཚའེ་གདན་འཛོམས་ཚོགས་འདུར་ཕེབས་ནས་ཤིས་ཚིག་བསྒྲོན་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ལོ་ཆིན་ཝུའུ་ཡིས་གདན་འཛོམས་ཚོགས་འདུར་གཙོ་སྐྱོང་གནང་ཡོད།

གྲོང་ཁྱེར་ལས་ཁུངས་ལས་དོན་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱི་ཚོམས་ཆེན་དུ་གློག་སྒྲོན་ཁྲ་ལམ་མེར་འཚེར་ཞིང་བག་ཕེབས་ལྷོད་ཡངས་ཀྱི་རྣམ་པས་རབ་ཏུ་བརྒྱན་པ་དང་། ལྒང་ཞུ་དམར་པོ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་སྐུད་མདུད་ཀྱིས་བཀྲ་བ་སོགས་ཕྱོགས་རྣམ་ཀུན་ཏུ་ལོ་གསར་གྱི་བྲོ་བ་ངང་གིས་ཚོར་ཞིང་། དགའ་བའི་གླུ་དབྱངས་ཀྱི་ཁྲོད་ནས་ཀུང་ཧུའེ་ཚའེ་དང་བཅས་པ་འཐུབ་ཚབ་དག་གི་ཁྲོད་དུ་ཕེབས་ནས་ཕན་ཚུན་ཁ་བཏགས་གཡོགས་རེས་དང་ལོ་གསར་ལ་འཚམས་འདྲི་ཞུ་རེས་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཤིས་ཚིག་སྒྲོན་དུས་གྲོང་ཨུད་དང་གྲོང་ཁྱེར་དམངས་འཐུས་ཀྱི་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཆབ་མདོར་བཅའ་སྡོད་དཔུང་སྡེའི་འཐབ་བཀོད་པ། དྲག་ཆས་ཉེན་རྟོག་དཔོན་དམག། སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ་བཅས་དང་།

དེ་བཞིན་ཆབ་མདོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་བྱ་གཞག་ལ་བྱས་པ་ཅན་གྱི་ལས་འཁྱུར་ངལ་གསོའི་ལས་བྱེད་རྒན་གྲས་དང་ཆབ་མདོ་གོང་འཕེལ་གྱི་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། ལས་གནས་བརྟན་སྲུང་དང་འཐབ་ས་དང་པོར་འབད་འཐབ་གནང་མཁན་གྱི་བློ་མཐུན་རྣམ་པ་བཅས་ལ་ལོ་གསར་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད།

ཀུང་ཧུའེ་ཚའེ་ཡིས་སླ་མིན་ཚེགས་ཆེན་གྱི2022ལོར་ཕྱིར་དྲན་གནང་བའི་སྐབས་སུ། ཁོང་གིས2022ལོ་ནི་ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་བརྒྱུད་རིམ་ནང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེ་ཤོས་ཀྱི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་ལྡན་པའི་མདུན་ལྗོངས་ལེགས་པར་བཀོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྙིང་རུས་ཀུན་ཏུ་སྐྱེད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་སྐུལ་སྤེལ་གྱི་བགྲོད་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ཡོད།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། དོན་ཆེན་བཞི་ལ་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་སྟེ། དཀའ་བ་གདོང་བསུས་ཀྱིས་ཞུམས་མེད་མདུན་སྐྱོད་དང་བརྟན་ཐོག་ཡར་འཕེལ་གྱིས་དཀའ་སེལ་ལེགས་འགྲུབ་ཀྱི་ཐོག་ནས་ཁུལ་གསུམ་དང་མཐོ་ས་གཅིག་ལ་སྐུལ་སྤེལ་བཏང་སྟེ། ལྗོངས་ཡོངས་སུ་ཆབ་སྲིད་ཞོད་འཇགས་དང་སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་གོང་འཕེལ། མི་རིགས་མཐུན་སྒྲིལ། བསྟན་དོན་ལམ་ལྷོང་། མཐའ་སྲུང་མཐའ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དང་ལྡན་པའི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ཅེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གནང་བའི་ཤིས་ཚིག་ནང་། 2022ལོ་ནི་ཆབ་མདོ་གྲོང་ཁྱེར་གོང་འཕེལ་གྱི་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ངར་ཤུགས་ཆེར་སྐྱེད་དང་དཀའ་བ་ཁྱད་བསད་ཀྱིས་དོན་ཆེན་བཞིར་དམིགས་ནས་འཛུགས་གཏོད་བཞིར་གཙོ་ཤུགས་འདོན་པ་དང་། བརྟན་ལྷིང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྟོབས་སྤེལ་རོགས། དམངས་འཚོར་ཕན་བདེ། རིམས་ནད་འགོག་རྒོལ། ཏང་འཛུགས་སྟོབས་ཆེན་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་འགོག་ཟོན། དཔལ་འབྱོར་གོང་འཕེལ་བཅས་ཀྱི་ཉམས་སད་སུམ་བརྩེགས་ཐེག་ཐུབ་པར་བྱུང་ཡོད། གྲུབ་འབྲས་འདི་དག་ཐོབ་དོན་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་ལ་ཐུག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་ཐུག་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་ལས་ཐོབ་པ་དང་འདི་དག་ནི་བོད་སྐྱོར་ཞིང་ཆེན་དང་ཁེ་ལས་དག་གི་རྒྱབ་སྐྱོར། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་རོགས་རམ་དང་ཁ་བྲལ་ཐབས་མེད། དེ་བས་ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བློ་གྲོས་དང་སེམས་ནུས་ཀྱི་གྲུབ་དོན་ཡིན་ཞེས་བསྟན་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་ལོ་ཞིག་དང་།ཕྱོགས་ཡོངས་ནས་ཁུལ་གསུམ་དང་མཐོ་ས་གཅིག་གི་འཆར་འགོད་དོན་ཐོག་ཏུ་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་ནས་བོད་ཤར་ས་གཞི་ཆེ་མོར་དགའ་སྐྱིད་ལྡན་པའི་མ་འོངས་གཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དོན་དུ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གསུང་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུད།རྩ་འཛུགས་པུའི་པུའུ་ཀྲང་ལིས་པེན་དང་རིན་ཆེན་མཚོ་མོ་སོགས་འགན་འཁྲི་རྒན་པ་དང་བློ་མཐུན་རྒན་པ་རྣམས་གདན་འཛོམས་ཚོགས་འདུའི་ཐོག་ཕེབས་ཡོད།

གྲོང་ཨུད་དང་གྲོང་ཁྱེར་དམངས་འཐུས་ཀྱི་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་རྣམས་དང་། བྱམས་པ་གླིང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། ཆབ་མདོར་ཡོད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན། ཆབ་མདོའི་ཡན་ལག་དམག་ཁུལ། 31676དཔུང་སྡེ། དྲག་ཆས་ཉེན་རྟོག་ཆབ་མདོའི་ཉིང་ལག་རུ་ཁག་གི་དཔོན་དམག་གཙོ་བོ་བཅས་ཚོགས་ཞུགས་གནང་ཡོད།

གདན་འཛོམས་སྟོན་ཚོགས་ཐོག་ད་རུང་གྲོང་ཁྱེར་ཚན་པ་ཆེ་མོ་བཞིའི་དྲུང་ཡིག་ཆེ་མོ་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན། ཁ་རུབ་ཆུས་ཀྱི་འགན་འཁུར་བློ་མཐུན། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་ཚབ། མི་རིགས་ཁག་དང་ལས་རིགས་ཁག ཆོས་ལུགས་ཁྱབ་ཁོངས་བཅས་ཀྱི་འཐུས་ཚབ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ། དཔའ་བོའི་དཔེ་བཟང་ཅན་གྱི་ཁྱིམ་རྒྱུད། བོད་སྐྱོར་ལས་བྱེད་ཀྱི་ཤེས་ལྡན་མི་སྣ། གཞི་རིམ་ལས་བྱེད་མང་ཚོགས། ཁྲོན་བོད་ལྕགས་ལམ་དང་དམངས་གཉེར་ཁེ་ལས་པ་བཅས་ཀྱི་འཐུས་ཚབ་རྣམས་ཕེབས་ཡོད་པ་རེད།