国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月13日

དཔལ་འབར་གྱིས་དུས་རབས་གསར་པའི་ཤེས་དཔལ་ ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།​མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་སེལ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་དཔལ་འབར་རྫོང་སྤྱི་གླིང་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས། ཁུལ་ཁོངས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། ཇ་ཁང་སོགས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ཏེ་བཟའ་བཅའི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་། ཁོངས་གཏོགས་ཁུལ་ཁོངས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ཡོད། ས་སྟེང་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས། མང་ཚོགས་ཚོས་ཁོར་ཡུག་ལ་གཅེས་སྤྲས་ཀྱི་ལག་ལེན་པ་ཧུར་ཐག་བྱེད་པའི་ཁྲིད་སྟོན་བྱས་པ་རེད།