国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月13日

ཆབ་མདོ་གྲོང་ཁྱེར་གྱིས་བོད་ཕག་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཞིབ་འཇུག་སའོ་ཡི་སྒོ་བྱང་བཀལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཆབ་མདོ་གྲོང་ཁྱེར་གྱི་བོད་ཕག་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སའོ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་ཕྱུགས་ལས་སྤྱིའི་ས་ཚིགས་ནས་སྤེལ། ཆབ་མདོ་གྲོང་ཁྱེར་དུ་བོད་ཕག་གསོ་སྤེལ་བྱེད་པའི་རྨང་གཞི་ལེགས་པོ་ཡོད་པས། བོད་ཕག་ཐོན་ལས་ཀྱི་མདུན་ལམ་རྒྱ་ཆེ་བ་ཡིན། ཞིབ་འཇུག་སའོ་དེ་བཙུགས་པ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས།

སྒོ་བྱང་འགེལ་བའི་མཛད་སྒོ་ཐོག་འབྲེལ་ཡོད་འགན་ཁུར་མི་སྣས་ནན་གྱིས་བཤད་རྒྱུར། ཆབ་མདོ་གྲོང་ཁྱེར་གྱི་བོད་ཕག་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཞིབ་འཇུག་སའོ་ཡིས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ནས། ལས་འགན་གྱི་ལེགས་ཆ་གང་ལེགས་འདོན་སྤེལ་བརྒྱུད་དེ་ཆབ་མདོ་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་འཕེལ་རྒྱས་ཐད་སྟོབས་ཤུགས་སྤྱོད་དགོས་ལ། 2023ལོར་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་བོད་ཕག་གསོ་སྤེལ་གཞི་ཁྱོན་མགོ་གྲངས22བརྩོན་ལེན་བྱས་ནས། 2025ཐོན་དུས་བོད་ཕག་གི་མགོ་གྲངས་ཁྲི25ཡན་ཟིན་རྒྱུ་མ་ཟད་རྒྱུད་སྤེལ་གསོ་སྤེལ་ལས་དོན་གང་ལེགས་བསྒྲུབ་དགོས། གཞན་ཡང་2023ལོར་བོད་ཕག་རྟེན་གཞི3-4འཛུགས་སྐྲུན་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་ཆབ་མདོ་ཕྱུགས་ལས་སྤྱིའི་ས་ཚིགས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཕྱུགས་ལས་ཁྱབ་གདལ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སོགས་ཀྱི་ལས་དོན་གལ་ཆེན་གྱི་འགན་ཁུར་ཡོད་པ་དང་། ལས་བྱེད་དཔུང་ཁག་ན་གཞོན་ཅན་ཡིན་པས་འཕེལ་རྒྱས་མདུན་ལམ་ཡག་པོ་ལྡན་ཞིང་། ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་གོ་སྐབས་དམ་པོར་འཛིན་པ་དང་། ལྷག་པར་དུ་བོད་ཕག་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་བྱུང་ནས། ཧུར་ཐག་གིས་གོང་རིམ་དང་ལས་དོན་སྦྲེལ་མཐུད་གང་ལེགས་བྱས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཆབ་མདོའི་གྲོང་ཨུ། གྲོང་ཁྱེར་སྲིད་གཞུང་གི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཞེས་བཤད།

ཆབ་མདོ་ཕྱུགས་ལས་སྤྱིའི་ས་ཚིགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། བོད་ཕག་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཞིབ་འཇུག་སའོ་བཙུགས་པ་དེས་ཆབ་མདོ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་མཚོན་ཡོད་པ་མ་ཟད། ཆབ་མདོ་གྲོང་ཁྱེར་གྱི་བོད་ཕག་ཐོན་ལས་འཕེལ་རྒྱས་རིམ་པ་གསར་བར་སླེབས་པ་མཚོན་ཡོད།