国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月13日

ཆབ་མདོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒོར་ཁྲི2369ལྷག་སྤྲོད་དུ་བཅུག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས། སྲིད་འཛིན་གཙོ་གཉེར་ཚན་པས་མ་འཇོག་ཀུང་སི་ག་གེ་མོས་གཞུང་ཁོངས་ས་ཆ་སྤྱོད་དབང་ནང་བཤུག་བཏང་བའི་དངུལ་ཕྱིར་འགྱངས་བྱས་ནས་ཁ་གདན་ཚིག་ལ་མ་གནས་སྟབས། སྒོར་ཁྲི2369ལྷག་ཙམ་ཆད་པ་གཅད་པར་ཁྲིམས་ལྟར་ལྟ་སྐུལ་བྱས།

2022ལོའི་ཟླ5པར་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གཞུང་ཁོངས་ས་ཆ་སྤྱོད་དབང་ནང་བཤུག་བཏང་བའི་དངུལ་ལ་ཆེད་མངགས་ལྟ་སྐུལ་བྱེད་སྒོ་སྤེལ་སྐབས། 2019ལོར་ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་ཆབ་མདོ་གྲོང་ཁྱེར་གྱི་མ་འཇོག་ཀུང་སི་ཞིག་གི་བར《གཞུང་ཁོངས་འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང་ནང་བཤུག་བཏང་བའི་གན་རྒྱ》གསུམ་བཞག་སྟེ། གཞུང་ཁོངས་ས་ཆ་སྤྱོད་དབང་དང་འབྲེལ་བ་ཡོད་པའི་རྣམ་གྲངས་གསུམ་ཀུང་སི་དེར་ནང་བཤུག་བཏང་བ་རེད། གན་རྒྱ་བཞག་རྗེས་སུ་ཀུང་སི་དེས་དུས་བཅད་ལྟར་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་ནང་བཤུག་བཏང་བའི་དངུལ་དུས་བཅད་ལྟར་སྤྲད་ཡོད་ཀྱང་། དུས་ཐེངས་གསུམ་པའི་ནང་བཤུག་བཏང་བའི་དངུལ་མ་སྤྲད་པ་དང་ཁ་གདན་ཚིག་ལ་མ་གནས་སྟབས། སྒོར་ཁྲི2369.8219ཡི་ཆད་པ་ཕོག་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་མ་བྱས་གོང་། ཀུང་སི་དེས་དུས་ཐེངས་གསུམ་པའི་ནང་བཤུག་བཏང་བའི་དངུལ་ཚང་མ་སྤྲད་ཡོད་མོད། འོན་ཀྱང་ཁ་གདན་ཚིག་ལ་མ་གནས་པའི་དངུལ་ཆད་དག་སྤྲད་མེད་པ་རེད། 2021ལོའི་ཟླ7པའི་ཚེས5ཉིན། ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་མགྱོགས་མྱུར་དངུལ་ཆད་འཇལ་དགོས་པའི་བརྡ་ཐོ་བཏང་མོད། འོན་ཀྱང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ་དངུལ་ཆད་བདའ་འདེད་མ་བཏང་བས་གཞུང་ཁོངས་གི་རྒྱུ་ནོར་ཆུད་ཟོས་སུ་སོང་ཡོད།

ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དེ་གཞུང་ཁོངས་ས་ཆ་ཐེངས་གསུམ་ནང་བཤུག་གཏོང་མཁན་ཞིག་ཡིན་པའི་ངོས་ནས། འགན་འཁྲི་དོན་འཁྱོལ་ཡག་པོ་བྱུང་མེད་པས་ཀུང་སི་དེས་གཞུང་ཁོངས་ས་ཆ་ནང་བཤུག་བཏང་བའི་དངུལ་དུས་ཐོག་ཏུ་སྤྲད་མེད་སྟབས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བས་ངེས་པར་དུ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་དགོས་པའི་ཁྱབ་བསྒྲགས་བྱས། 《ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ཁོངས་ས་ཆ་སྤྱོད་དབང་ནང་བཤུག་གཏོང་རྒྱུའི་སྐོར་གྱི་སྐབས་འཕྲལ་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། 2022ལོའི་ཟླ5པའི་ཚེས26ཉིན་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་དང་ཀུང་སིའི་འགན་འཁུར་བ་བཅས་གདན་ཞུས་ཀྱིས་གྱོད་གཞི་དེའི་ཐད་ཀྱི་དཔང་རྟགས་སྐོར་ལ་གྲོས་བསྡུར་བྱས་པ་རེད།

ཚོགས་འདུར་ཞུགས་མཁན་ཚོས་ཁྲིམས་ལྟར་དུས་ཐོག་ཏུ་ཁ་གདན་ཚིག་ལ་མ་གནས་པའི་དངུལ་ཆད་རྩིས་ལེན་བྱས་ནས་གཞུང་ཁོངས་ཀྱི་རྒྱུ་ནོར་སྲུང་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས།

ཚོགས་འདུ་གྲོལ་རྗེས། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ལ་ཞུ་གཏུག་མ་བྱས་གོང་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་ནས། ཁོང་ཚོར་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་དང་ཀུང་སི་དེས་ཆད་པའི་དངུལ་དག་དུས་ཐོག་ཏུ་རྩིས་ལེན་རྒྱུའི་ལྕག་སྐུལ་བྱས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་རྩིས་ལེན་བདའ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་ནས་གནད་དོན་དེ་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱས།

ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ལ་ཞིབ་དཔྱོད་ཀྱི་གྲོས་འདོན་ཡི་གེ་འབྱོར་རྗེས། ཚད་མཐོའི་མཐོང་ཆེན་དང་ཞིབ་དཔྱོད་ལྟ་སྐུལ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འཕྲལ་དུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་ཆེད་དོན་སྙན་ཞུ་ཕུལ་བ་དང་འབྲེལ་མཐུད་མཐུན་སྦྱོར་ཐེངས་མང་བྱས་ཏེ་ཀུང་སི་དེས2022ལོའི་ཟླ11པའི་ཚེས4ཉིན་གྲོང་ཁྱེར་ནོར་སྲིད་ཅུས་ལ་དངུལ་ཆད་ཚང་མ་གསབ་ཡོད་པ་རེད།

“གཞུང་ཁོངས་ས་ཆ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཇུས་དམངས་འཚོའམ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད།” ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཆབ་མདོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་ཁོངས་ས་ཆ་སྤྱོད་དབང་ནང་བཤུག་གཏོང་མཁན་ལ་མུ་མཐུད་དམིགས་ནས“རྒྱལ་ཁབ་ས་ཆའི” ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ནུས་པ་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་མཐའ་དག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།