འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་གྲོང་རྡལ་གཤམ་ཁྱིམ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཡུལ་བབ་དང་བསྟུན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི“འགག་རྩ”དམ་འཛིན་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི་སྒུལ་ཤུགས་ཆེན་པོ་གཏོད་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འགན་ལེན་ནུས་ལྡན་བྱས་པས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།
ཟླ་1ཚེས་9ཉིན་གཤམ་ཁྱིམ་གྲོང་ཚོས་2022ལོའི་ཀྲུང་དབྱང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་འབབ་བགོ་བའི་ཚོགས་ཆེན་འཚོགས་པ་རེད། མཉམ་ལས་ཁང་དེས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ས་གནས་དེ་གའི་ཉུང་མ་འདེབས་འཛུགས་བྱས་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་བྱས་པ་བརྒྱུད་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འབབ་འཕར་དང་གྲོང་མི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཏེ“ཤོག་ཆག”གྲོང་མིའི་ལག་ཏུ་སྤྲད་པ་རེད།
2022ལོར་ཤང་གནས་སྤོའི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ལ་ཁེ་སྤོགས་སྒོར་ཁྲི་24.11བྱུང་བ་དང་། མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་15.98གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་106བགོས་ནས་དུད་ཚང་རེར་ཆ་སྙོམས་ཁེ་བཟང་སྒོར་1500ལྷག་ཙམ་བྱུང་ཡོད།མཉམ་སྡེབ་དཔལ་འབྱོར་བཙུགས་ནས་ལོ་བཞིའི་རིང་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་47ལྷག་ཙམ་བྱུང་བ་དང་ཁེ་སྤོགས་སྒོར་ཁྲི་42ལྷག་ཙམ་བྱུང་ཡོད།