国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月13日

རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་ཆབ་མདོའི་འཐུས་མི་དང་ཨུ་ཡོན་ཚོ་འབྱོར་ཐོ་འགོད་པ།

ལས་དོན་པས་ཚོགས་འདུའི་ཡིག་ཆ་སྤྲོད་ཀྱིན་གྲོས་གཞི་དང་། བསམ་འཆར། གྲོས་འགོ་བཅས་བསྡུ་ལེན་བྱེད་བཞིན་འདུག

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་10ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སྙིང་སྟོབས་རབ་འཕེལ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡུལ་བབ་དང་དམངས་འདུན་སེམས་ལ་འཆང་བ་དང་། འགན་འཁྲི་དང་འོས་འགན་ཕྲག་ཐོག་ཏུ་ཁུར་ནས་གཅིག་རྗེས་གཉིས་མཐུད་ངང་ཚོགས་ཆེན་ལ་ཞུགས་པའི་འབྱོར་ཐོ་འགོད་པར་ཕེབས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདེ་སྐྱིད་ཀྱིས་ད་ཐེངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་ཐུབ་པར་ང་སྤོབས་པ་སྐྱེ་གི་འདུག དེ་དང་ཆབས་ཅིག་དངུལ་རྩའི་ཁོངས་གཏོགས་ལ་སྐད་ཆ་ཤོད་ཐུབ་པས་ང་ཡང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་ཚེ་རིང་རྒྱལ་གྱིས་ང་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་གཞི་རིམ་འཐུས་མི་ཞིག་ཡིན། ད་རེས་ངས་གྲོང་གསེབ་དར་རྒྱས་དང་། ཡུལ་སྐོར་འཕེལ་རྒྱས། ལམ་རྒྱུད་ཡུལ་སྐོར་མཛེས་ལྗོངས་ཁུལ་317སྐྲུན་པ་སོགས་ཀྱི་གྲོས་གཞི་འཁྱེར་ཡོད། སླད་ཕྱིན་ངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་སྔར་བས་ཡག་པོ་བསྒྲུབས་ནས་སྲིད་ཇུས་ཁག་གཞི་རིམ་དུ་བརྒྱུད་བསྒྲགས་བྱེད་ཀྱི་ཡིན་ཞེས་བཤད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ན་ཡིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པའི་ངོས་ནས་སྐབས་བཅུ་གཉིས་པའི་ཨུ་ཡོན་མུ་མཐུད་བྱེད་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། དེ་ནི་རྩ་འཛུགས་ཀྱིས་ང་ཚོར་ཡིད་ཆེས་དང་བསྐུལ་མ་བྱས་པ་ཞིག་རེད། འདས་ཟིན་པའི་ལོ་5ཡི་ལས་འགན་སྒྲུབ་པའི་བརྒྱུད་རིམ་ནང་ངས་སྲིད་གྲོས་ལ་ཁྱིམ་ཚང་ཆེན་པོ་དེའི་མཐུན་སྒྲིལ་དང་ཞི་མཐུན་ཚོར་བྱུང་ལ་ང་ཚོར་བློ་གྲོས་དང་སྟོབས་ཤུགས་ཀྱང་སྦྱིན་ཡོད་ཞེས་བཤད།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྟན་པ་ཆོས་སྒྲོན་གྱིས། ང་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སློབ་འབྲིང་ནས་ཡོང་བའི་རྩིས་རིག་དགེ་རྒན་ཞིག་ཡིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་འདེམས་ཐུབ་པས་ང་ལ་གཟི་བརྗིད་དང་སེམས་འགུལ་ཚད་མེད་ཐེབས་བྱུང་། ད་རེས་ཀྱི་ཚོགས་འདུའི་ཐོག་ངས་གྲོས་གཞི་གསུམ་འཁྱེར་ཡོད་ཞེས་བཤད།