国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2022年08月23日

ཆབ་མདོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་གཞི་ཡང་བའི་ནད་པ་ཐོག་མ་སྨན་ཁང་ནས་དོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་དགོང་མོའི་ཆུ་ཚོད་10དང་སྐར་མ་45ཙམ་ལ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏོག་གསར་གློ་ཚད་ཀྱི་ནད་གཞི་ཡང་བའི་ནད་པ་ཐོག་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་ནི་ལོ་31ཡིན་པ་དང་། ཟླ་8ཚེས་16ཉིན་སྨན་ཁང་དུ་བསྡད་དེ་ཏོག་གསར་གློ་ཚད་ནད་བརྟག་དཔྱད་གཏན་འཁེལ་བྱེད་ཡོད་པ་རེད། སྨན་ཁང་དུ་སྡོད་རིང་བོད་ཀྱི་སྨན་པ་དཀའ་བཅུ་པ་དང་། སེམས་ཁམས། ནད་སྐྱོང་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་ནད་པ་བར་རིམ་བཞིན་དྲག་སྐྱེད་བྱུང་ཡོད། བར་ཆོད་ཆུ་ཚོད་24ཡན་ལ་བསྟུད་མར་ཉིང་སྐྱུར་བརྟགས་དཔྱད་ཐེངས་གཉིས་ཀྱི་མཇུག་འབྲས་ཚང་མ་སྲིབས་གཤིས་ཡིན། རིགས་གཅིག་མཁས་ཅན་གྱིས་གཏན་འཁེལ་བྱས་པ་བརྒྱུད། ནད་པ་དེ་ཏོག་གསར་གློ་ཚད་ཨང་དགུ་པའི་སྨན་བཅོས་ཕྱོགས་སྟོན་སྨན་ཁང་ནས་ཐོན་པའི་ཚད་གཞི་དང་མཐུན་པ་ཐག་བཅད་པ་རེད། སྨན་ཁང་ནས་དོན་རྗེས་ནད་པ་དེས་ཉིན་བདུན་རིང་མུ་མཐུད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།