国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2020年06月02日

སྨར་ཁམས་ཚྭ་ལྷོའི་སློབ་འབྲིང་དུ་མཐུན་སྒྲིལ་མེ་ཏོག་བཞད་པ།

“ཇ་རྟའི་གནའ་ལམ་གྱི་བཀྲ་ཤིས་གནས་མཆོག”ཅེས་གྲགས་པའི་སྨར་ཁམས་རྫོང་དུ་མི་རིཌ་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་ཞིག་ཡོད་པ་ནི་ཚྭ་ཁ་ལྷོ་སློབ་འབྲིང་ཡིན།

ཁྱིམ་ཚང་ཆེ་མོ་འདི་ནི་བོད་རིགས་དང་། རྒྱ་རིགས། འཇང་རིགས། མན་ཇུ་རིགས། དབྱིས་རིགས། ཏུང་རིགས། མེའོ་རིགས། ཧོར་རིགས། ཧུད་རིགས་སོགས་མི་རིགས་10ཡོད་པའི་རང་ལྗོངས་ཀྱི་གྲོང་གསེབ་སློབ་འབྲིང་འབའ་ཞིག་དེ་ཡིན་ལ། སློབ་འབྲིང་དེའི་རྒྱབ་ཏུ་གངས་རི་དང་མདུན་དུ་རྫ་ཆུ་བཞུར་གྱི་ཡོད། རྒྱལ་ལམ་214ཡང་སློབ་གྲྭའི་རྒྱལ་སྒོའི་མདུན་ཕྱོགས་སུ་གནས་ཡོད། འདི་ནི་སློབ་མ་གཞོན་ནུས་ཡོན་ཏན་སྦྱངས་པ་དང་མི་རིགས་ཁག་གི་ཕུ་ནུ་མིང་སྲིང་འཆམ་མཐུན་མཉམ་གནས་བྱེད་པའི་དཔེ་སྟོན་གནས་ཤིག་ཡིན།

ཚྭ་ཁ་ལྷོ་སློབ་འབྲིང་1975ལོར་བཙུགས་པ་ནས་བཟུང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྲོལ་རྒྱུན་བཟང་པོ་ལྡན་ཡོད།

2003ལོར། ཚྭ་ཁ་ལྷོ་སློབ་འབྲིང་གི་དགེ་རྒན་བསོད་ནམས་དོན་གྲུབ་གཟའ་མཇུག་ཏུ་སྦག་སྦག་བཞོན་ནས་ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་ལས་འཛོལ་ཐོན་པར། ཚྭ་ཁ་ལྷོ་སློབ་འབྲིང་གི་ཞའོ་ཀྲང་དཀར་ལོས་འཕྲལ་མ་ཉིད་དུ་སློབ་གྲྭའི་རླངས་འཁོར་བཏང་ནས་དགེ་རྒན་བསོད་ནམས་དོན་གྲུབ་ཡུན་ནན་ཞིང་ཆེན་འཇོལ་རྫོང་སྨན་ཁང་དུ་བསྐྱལ་ཞིང་། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད།

ཚྭ་ཁ་ལྷོ་སློབ་འབྲིང་གིས“དམངས་སྲོལ་སྲུང་བརྩི་དང་རིག་གནས་སྲུང་སྐྱོང”ལས་སྟེགས་གཙོ་བོར་བཟུང་ནས་མི་རིགས་མཐུན་སྒྲིལ་སློབ་གསོ་ལས་དོན་སློབ་མ་ཚོའི་སློབ་སྦྱོང་དང་། འཚོ་བ། འཚར་ལོངས་བཅས་ཀྱི་ཕྱོགས་ཡོངས་ལ་དོན་འཁྱོལ་བྱས་ཡོད་པ་རེད།

2011ལོའི་ཟླ་ལྔ་པར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཆོག་མཆན་གནང་བ་བརྒྱུད། ཚྭ་ཁ་ལྷོ་སློབ་འབྲིང་འདི་ཉིད“བྱང་ཚད་སློབ་གསོའི་སྒྱུར་བཅོས་ཚོད་ལྟའི་སློབ་གྲྭའི”ཁོངས་སུ་བཅུག་པ་དང་། སློབ་གྲྭས་འབའ་གཞས་དང་། རོལ་མོ། རི་མོ། ཡིག་གཟུགས། ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། མདའ་འཕེན་སོགས་ཀྱི་སྤྲོ་སྣང་འཛིན་གྲྭ་བཙུགས་ནས། རྒྱ་ཆེའི་སློབ་མ་ཚོར་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་ལས་སྟེགས་སྔར་བས་ཡག་པོ་མང་པོ་མཁོ་འདོན་བྱས་པ་རེད།

ལོ་བཅུ་ཕྲག་ཁ་ཤས་རིང་། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཚྭ་ཁ་ལྷོ་སློབ་འབྲིང་གི་དགེ་སློབ་ཚོའི་སེམས་ལ་གཏིང་ཟབ་ཟུག་ནས་དུས་རྒྱུན་གྱི་ཀུན་སྤྱོད་དུ་གྱུར་ཡོད་པ་རེད། སློབ་གྲྭའི་དགེ་སློབ་ཚོ་ཕན་ཚུན་འཆམ་མཐུན་དང་མཐུན་སྒྲིལ་མཛའ་གྲོགས་ངང་མཉམ་དུ་གནས་ནས། མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཇེ་ཟབ་ནས་ཇེ་ཟབ་ཡིན་པ་དང་། སྤྱི་ཚོགས་ཐོག་བསྐྱོད་པའི་སློབ་མ་མང་པོ་ཡང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན”“གདོང་དམག”ལ་གྱུར་ཡོད་པ་རེད།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས)