国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年10月25日

ཨ་པུས་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས23ཉིན་གྱི་སྔ་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཨ་པུས“ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཏང་གི་བོད་སྐྱོང་ཐབས་ཇུས་དེ་ཆབ་མདོ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས”པའི་བརྗོད་དོན་གཙོ་བོའི་མཐའ་འཁོར་དུ་དམ་པོར་དམིགས་ནས་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཁྲིད་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་གྱིས་གཙོ་སྐྱོང་ཞུས་ཡོད།

ཨ་པུས་མཛུབ་སྟོན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་འཐབ་ཇུས་གལ་ཆེན་བཏོན་པ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བར་མཐའ་འཁྱོངས་ལྷོད་མེད་དང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་ཡོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་མཐའ་འཁྱོངས་ལྷོད་མེད་བྱ་རྒྱུ་གསལ་འདེབས་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གནང་བ་དེས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། དམིགས་ཚད་དང་ལས་འགན། བྱ་ཐབས་གལ་ཆེན་གཏན་འབེབས་ཁ་གསལ་གནང་ནས་ཏང་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཨ་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཏིང་ཟབ་ངང་སློབ་སྦྱོང་བྱ་རྒྱུ་དེ་བརྗོད་དོན་གཙོ་བོ་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རང་ངོས་ཀྱི་སློབ་སྦྱོང་དང་གཞི་རིམ་དུ་རྟོག་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲིའི་ངོས་འཛིན་དང་མྱོང་ཚོར་ལྷུག་པོར་གླེངབ་མ་ཟད་ངེད་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་དང་བྱ་སྤྱོད་ཐད་ཀྱི་ཧེ་བག་ལ་གཏིང་ཟབ་ངང་དབྱེ་ཞིབ་བྱས་པ་དང་ཇི་ལྟར་བྱས་ནས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི་སྐོར་གསལ་བཤད་བྱས་ཡོད།

གཅིག་ནི་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་ཕོད་པ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ཐུབ་པ་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་རྒྱུ་དེ་ཏང་ཡོན་ལས་བྱེད་པ་ཚང་མའི་བསམ་པའི་འཚོལ་སྙེག་དང་རང་འགུལ་གྱི་བྱ་སྤྱོད་ཤིག་ཏུ་འགྱུར་བ་བྱེད་དགོས། གཉིས་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། བོད་བརྟན་དང་། བོད་དར། བོད་སྐྲུན་བཅས་ཀྱི་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལྟར་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་བའི་ཐོག་ནས་དུས་རབས་གསར་པའི་ཆབ་མདོའི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གསུམ་ནི་“གཅིག་གྱུར་བཞི”དང“དམིགས་སར་འབྱོར་བ་བཞི”མཐའ་འཁྱོངས་དང་། གནད་དོན་གྱི་ཁྲིད་སྟོན་དང་ཕན་ནུས་ཀྱི་ཁྲིད་སྟོན་མངོན་གསལ། དངོས་འཛིན་དངོས་སྒྲུབ་ཀྱི་དངོས་ཡོད་བྱ་སྤྱོད་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་ནུས་ཐོན་པར་འགན་ལེན་བྱེད་དགོས།

ཕྱོགས་གསུམ་ཐད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་རྗེས། ཨ་པུས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། བརྟན་སྲུང་། སྦྱོང་བརྡར་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ལས་ཀའི་སྤྱོད་ཚུལ་ལེགས་པོའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ངང་སྤེལ་བར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་བ་དང་། བསམ་བློའི་དད་སེམས་བརྟན་པོ་དང་དམངས་ལ་བཅངས་པའི་བརྩེ་སེམས་བླ་མེད། འགན་འཁྲི་ཆེན་པོ་འཁུར་བ་ལ་བརྟེན་ནས་དུས་རབས་གསར་པའི་ཆབ་མདོའི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་པ་གང་ཡོད་ཀྱིས་སྐུལ་སྤེལ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་དུས་རབས་ཀྱི་ལན་ཞིག་སྤྲོད་རྒྱུའི་བླང་བྱ་བཏོན་ཡོད།