国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年10月08日

རྒྱལ་སྟོན་ལ་རྟེན་འབྲེལ་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད།

ཉེ་ལམ། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་དང་། དགོན་སྡེའི་ཨུ་ལྷན། སློབ་གྲྭ་སོགས་ཀྱིས་དམག་གཟིགས་མཛད་སྒོར་ལྟ་བ་དང་། རྒྱལ་དར་སྒྲེང་བ། ཏང་ཞུགས་དམ་བཅའ་བསྐྱར་འཇོག རིག་རྩལ་འཁྲབ་སྟོན་བྱེད་པ། ཏང་གི་སློབ་ཚན་ཁྲིད་པ། ལྷ་མོའི་ཟློས་གར་འཁྲབ་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཉེ་བའི་ལོ་འགའི་རིང་ལ་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཆབ་མདོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་འགྲེམས་སྟོན། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད། པར་འདི་ནི་ཟློས་གར་འཁྲབ་པའི་ཚུལ་ཡིན་པ།