国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年10月08日

ཁྲེན་ཅུན་གྱིས་གཡུ་ལུང་ཟངས་གཏེར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་མཛུབ་ཁྲིད་ཞིབ་བཤེར་གནང་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས4ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་གྱིས་གཡུ་ལུང་ཟངས་གཏེར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

ཁྲེན་ཅུན་གྱིས་ཐོག་མར་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ལས་ཡུལ་དངོས་སུ་ཕེབས་ནས་ཨར་ལས་གང་ཐུབ་བྱེད་བཞིན་པའི་ལས་བཟོ་པ་ལ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་བྱམས་བརྩེའི་འཚམས་འདྲི་བྱས་པ་རེད། ཁོང་གིས་ཁེ་ལས་དང་ཨར་ལས་ཚན་པས་ཚད་མཐོའི་མཐོང་ཆེན་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ལ། འབྲེལ་ཡོད་བླང་བྱ་ལྟར་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོས་རྡུལ་མེད་ཨར་ལས་དང་སྦགས་མེད་ཐོན་སྐྱེད། ཉེན་མེད་ཐོན་སྐྱེད་བཅས་བྱས་ནས་ལས་གྲྭའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་ཡང་གཏོང་དགོས་རྒྱུའི་རེ་བ་བཏོན་ཡོད།

ཁྲེན་ཅུན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་ནས་དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། རྣམ་གྲངས་སྔ་མོ་ནས་འཛུགས་སྐྲུན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་དངོས་ཡོད་ཕན་ནུས་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་བསྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།