国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年10月08日

རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོབ་ལྟ་སྐུལ་ཚོགས་ཆུང་གིས་ཆབ་མདོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་སྐོར་ཚུར་ལན་བྱས་པ།

ཧི་ཝུན་ཧའོ་ཡིས་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ། ཨ་པུས་གཙོ་སྐྱོང་ཞུས་པ།

འདི་ནི་ཧི་ཝུན་ཧའོ་ཡིས་ཆབ་མདོའི་ཡན་ལག་དམག་ཁུལ་ཁང་གི་དམག་དཔུང་དཔོན་དམག་ལ་འཚམས་འདྲི་གནང་བཞིན་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ལམ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཆབ་མདོར་སྡོད་པའི་བརྟན་ལྷིང་སྲུང་སྐྱོབ་ལྟ་སྐུལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧི་ཝུན་ཧའོ་ཡིས་སྣེ་ཁྲིད་པའི་ལྟ་སྐུལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་དང་བཅས་པས་སྔ་རྗེས་སུ་ཁ་རུབ་དང་དཔའ་ཤོདསོགས་རྫོང(ཆུས)བཅུ་ཁག་གི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་དང་། ལས་ཁུངས། ཤང་གྲོང་། སྤྱི་བདེ་ཞིབ་བཤེར་ས་ཚིགས་བཅས་སུ་ཕེབས་ནས་ལྟ་སྐུལ་སློབ་སྟོན་བྱས་ཡོད་པ་རེད།

ཚེས4ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོབ་ལྟ་སྐུལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཆབ་མདོར་ལྟ་སྐུལ་ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་ཚུར་ལེན་བྱས་པའི་ཚོགས་འདུ་དེ་ཆབ་མདོ་གྲོང་ཁྱེར་དུ་འཚོགས་ཞིང་།ཧི་ཝུན་ཧའོ་ཡིས་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུས་གཙོ་སྐྱོང་ཞུས་པ་མ་ཟད་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་ཡོད། ཧི་ཝུན་ཧའོ་ཡིས་ཚོགས་ཐོག་ཏུ་ཆབ་མདོའི་ཉེ་ལམ་གྱི་བརྟན་ལྷིང་སྲུང་སྐྱོབ་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་འཕྲད་པའི་གནད་དོན་ཚུར་ལན་དང་རྗེས་མའི་ལས་དོན་ཐད་བསམ་འཆར་བཏོན་ཡོད་པ་རེད།

ཨ་པུས་ཆབ་མདོས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཚུར་ལན་གནང་བའི་བསམ་འཆར་འཆར་ནན་ཏན་ངང་ལག་བསྟར་བྱས་ནས་ཆབ་མདོའི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་མགྱོགས་སུ་གཏོང་བའི་ཐོག་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་གཅེས་སྐྱོང་མཐོང་ཆེན་ལ་དྲིན་ལན་འཇལ་བ་དང་ལྗོངས་ཨུད་དང་སྲིད་གཞུང་གི་རེ་སྒུག་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བའི་བསམ་ཚུལ་བསྟན་ཡོད།