国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年10月08日

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འདུ་འགོད་གསར་པ་རྒྱུན་མཐུད་ལག་བསྟར་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་དུས་ཐེངས་19པའི་དུས་ཐེངས་19པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འདུ་འགོད་གསར་པ་རྒྱུན་མཐུད་ལག་བསྟར་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་འགན་ལེན་ཡིན་ཞིང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཡག་པོ་བྱེད་པར། རང་རེའི་ཏང་གིས་ངེས་པར་དུ་རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ནས་ཏང་འཛུགས་སྐྱོང་སྔར་བས་སྟོབས་དང་ལྡན་པ་ཞིག་བྱེད་དགོས། རང་ངོས་གསར་བརྗེ་བྱེད་པར་ཏང་གིས་ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པ་ནི་རང་རེའི་ཏང་གི་ཆེས་མངོན་གསལ་དོད་པའི་གཤིས་རྒྱུད་ཅིག་ཡིན་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད། ཀྲུང་གོ་གུང་ཁྲན་ཏང་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གང་ནས་ཡོང་སྲིད་དམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་ནས་ཡོང་སྲིད་དམ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གང་ནས་ཡོང་སྲིད་དམ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་རིང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་རེད། དུས་རབས་གསར་པར་རང་རེའི་ཏང་གིས་ངེས་པར་དུ་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱས་ནས། ཏང་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ། དཀའ་སྡུག་དང་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་སྐྲུན་དགོས།འདི་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱེད་པའི་ཕྱི་རོལ་གྱི་དགོས་མཁོ་ཞིག་ཡིན་ལ་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་དགོས་མཁོ་ཞིག་ཀྱང་རེད།རྩོམ་ཡིག་ནང་འཁོད་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དཀའ་ཚེགས་ཆེ་བའི་ལས་འགན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་ལས། རང་རེའི་ཏང་ལ་སྔར་ན་འབྱུང་མྱོང་མེད་པའི་འགྲན་སློང་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་སྣ་ཚོགས་ལ་ཉེན་ཁ་དང་གནོད་འཚེ་ཆེན་པོ་ལྡན་ཡོད། འདིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་གཏན་འཁེལ་བྱས་ཏེ། རྩ་བ་བརྟན་པོ་འཛུགས་དགོས་ལ་གསར་འབྱེད་གསར་གཏོད་ཀྱང་དགོས་པ་དང་། འགག་རྩའི་གཙོ་གནད་ལ་དམ་འཛིན་བྱེད་དགོས་ལ་སྤྱི་ཡོངས་ཀྱི་རྣམ་པ་ཞིག་ཀྱང་འགྲུབ་དགོས་པ་མ་ཟད། ལྷག་པར་དུ་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱེད་དགོས།རྩོམ་ཡིག་ནང་འཁོད་དོན། རང་རེའི་ཏང་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་གདོང་ལེན་བ་དང་། མི་རིགས་ཀྱི་གཙོ་རྐང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་བཅས་སུ་འགྱུར་བར་ངེས་པར་དུ་རང་ངོས་སྔ་བར་ཕྱི་གསུམ་དུ་ཉམས་སད་ཐེག་པར་བྱེད་དགོས། ཉམས་ཟད་ཇི་ལྟར་ཐེག་དགོས་སམ་ཞེ་ན། དེ་ནི་རང་ངོས་གསར་བརྗེ་ཕོད་པ་དང་། གྲི་དངོ་ནང་ལ་ཕྱོགས་ཕོད་པ། རུས་འབྲད་སྨན་བཅོས་བྱེད་ཕོད་པ། དཔའ་བོས་རང་ལག་གཅོད་ཕོད་པ་བཅས་ཀྱི་སྒོ་ནས་ཆག་སྒོ་ནང་ངོས་ནས་མ་ཐོན་སྔོན་འགོག་བྱེད་དགོས་པ་འདི་རེད། འདི་ནི་རང་རེའི་ཏང་གིས་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་པའི་རྩ་བའི་དོན་སྙིང་ཞིག་རེད།རྩོམ་ཡིག་ནང་འཁོད་དོན། རང་རེའི་ཏང་འཛུགས་སྐྱོང་ཡག་པོ་བྱེད་པར་ངེས་པར་དུ“འགག་རྩ་ཉུང་ཤས”ལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ངེས་པར་དུ་དད་སེམས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་ཀྱི་ཉམས་སད་ཐེག་དགོས། འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ་དེ་ལས་ཀ་དང་འཚོ་བ་ཚང་མར་ཁྱབ་པར་བྱས་ནས་གོམས་གཤིས་སུ་འགྱུར་བ་དང་བསམ་བློ་གཏོང་ཕྱོགས་ཤིག་ཏུ་འགྱུར་བར་བྱེད་དགོས།