国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年09月17日

གྲོང་ཨུད་རིགས་གཞུང་ལྟེ་བའི་ཚོ་ཆུང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་ འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས16ཉིན་གྲོང་ཨུད་རིགས་གཞུང་ལྟེ་བའི་ཚོ་ཆུང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་དེ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་དང་། “གུང་ཁྲན་ཏང་གི་བཀའ་དྲིན་དྲན་པ་དང་དུས་རབས་གསར་པར་འབད་འབུངས་བྱེད”ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་གཟིགས་པ་མ་ཟད་མཉམ་སྡེབ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་དང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ཀྱི་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་རོགས་སྒྲུབ་བྱས་ཡོད།གྲོང་ཨུད་མགོ་ཁྲིད་རྣམ་པས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་འགྲེམས་སྟོན་གཟིགས་ནས་སློབ་གསོ་དང་སྐུལ་ལྕག་ཟབ་མོ་ཐེབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་རིམ་གྱིས་སྣེ་ཁྲིད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ནམ་ཡང་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྲུང་གོའི་ཕུགས་འདུན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་རྒྱུའི་བསམ་ཚུལ་བསྟན།