国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年09月17日

གོ་འཇོའི་ངག་དབང་ལུག་གིས། མང་ཚོགས་ཕྱུག་པོ་བཟོས་སོང་།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།

རྟ་ལྕག་མཁའ་ལ་འཕྱར་ཏེ་ལུག་ཁྱུ་དེད་ཞོར་ཕྱུག་འགྱུར་གྱི་གླུ་དབྱངས་ལེན་གྱིན་པའི་རྣམ་པ།

ལོ་བཅུ་གྲངས་ཁ་ཤས་གོང་། མི་མང་པོས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ངག་དབང་ལུག་ལ་རྒྱུས་མངའ་དེ་ཙམ་མེད་པས། སྐབས་དེར་ལུག་རེར་གོང་མཐོ་ཤོས་ལ་སྒོར་350ལས་ཁུག་གི་མེད། ཡིན་ནའང་། ད་ཆ་ལྗོངས་ཡོངས་སུ་སྐད་གྲགས་ཆོད་པ་དང་སྦྲགས་ལུག་རེར་གོང་མཐོ་ཤོས་སྒོར་5000ཟིན་གྱི་ཡོད། ད་འོ་ན་གོ་འཇོའི་ངག་དབང་ལུག་ལ་དམིགས་བསལ་གྱི་ཁྱད་ཆོས་ག་རེ་ཡོད་དམ་ཞེ་ན།

མཚོ་བོད་ས་མཐོའི་དམིགས་བསལ་གྱི་སྒོ་ཕྱུགས་དང་རང་རྒྱལ་གྱི་ཕྱུགས་རིགས་རྩ་ཆེའི་ཐོན་ཁུངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་གོ་འཇོ་རྫོང་གི་ངག་དབང་ལུག་ལ་གཟུགས་སྟོབས་ཆེ་བ་དང་། འཚར་མགྱོགས་པ། ནད་འགོག་ནུས་པ་ཆེ་བ།ཤ་འབོལ་ལ་དྲི་མ་མེད་པ། འཚོ་བཅུད་རིན་ཐང་ཆེ་བ་སོགས་དམིགས་བསལ་ཁྱད་ཆོས་བཟང་པོ་ལྡན་པས་ལྗོངས་ནང་ཁུལ་དུ་སྐད་གྲགས་ཆེན་པོ་ལྡན་ཡོད།དེས་ན། ངག་དབང་ལུག་2006ལོར་རང་རྒྱལ་གྱི་ལུག་གི་ཐོན་ཁུངས་ཀྱི་གཞི་གྱིན་མཛོད་དུ་བཅུག་པ་མ་ཟད། “ཆབ་མདོའི་ངག་དབང་ཤང་གི་ལུག”ཅེས་པའི་ཡུལ་ལུང་མཚོན་རྟགས་ཀྱང་ཐོ་འགོད་བྱེད་ཐུབ་ཡོད།

གོ་འཇོ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཀྲང་ལིང་ཅུན་གྱིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་གོ་འཇོ་རྫོང་གིས“རྫོང་རེ་ལ་སྤུས་རྟགས་རེའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཆབ་མདོའི་ངག་དབང་ལུག་འདི་ཉིད་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐོན་ལས་གཙོ་བོར་བརྩིས་ནས་ལུག་གསོ་ཚགས་དང་། ལུ་གུ་རྒྱུད་སྤེལ། རྩྭ་ཁོ་ནར་བརྟེན་ནས་གསོ་ཚགས། འདོན་ཐོན་འཚོང་གསུམ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཤིག་བཟོས་ནས་ལུག་དང་། རྩྭ། ཤ་བཅས་ལས་མང་ཚོགས་ཕྱུག་པོ་ཆགས་པ་བྱས་ཡོད་ཅེས་བརྗོད།

གཉེར་སྐྱོང་བྱེད་སྟངས་ཐད་གོ་འཇོ་རྫོང་བོད་ཤར་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་སྣེ་འདྲེན་ཁེ་ལས་བྱས་ཏེ“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་མཉམ་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་ནས་རྫོང་གྲོང་དུ་རྒྱ་ཁྱོན་མུའུ་151ཟིན་པའི་ངག་དབང་ལུག་སྡོམ་གསོས་རྟེན་གཞི་དང་། དེང་རབས་ཅན་གྱི་སྡོམ་གསོས་ལྷས་ར་20བསྐྲུན་པ་མ་ཟད། གཟན་ཆག་ལས་སྣོན་བཟོ་གྲྭ་དང་། སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ བཤས་གཏོང་ཤ་རིགས་དབྱེ་བའི་བཟོ་གྲྭ་སོགས་ཀྱང་བཙུགས་ཡོད།

ལག་རྩལ་གསོ་སྐྱོང་ཐད་གོ་འཇོ་རྫོང་གིས་ཐེན་ཅིན་ཨའོ་ཆུན་འབྲོག་ལས་ཚད་ཡོད་ཀུང་སི་དང་མཉམ་ལས་ཀྱི་གྲོས་མཐུན་རགས་ཙམ་དང་ལག་རྩལ་ཞབས་ཞུའི་གྲོས་མཐུན་བཞག་པས། ངག་དབང་ལུག་གི་ལུག་ཐུག་སྤྱོད་ཚད་མང་དུ་ཤུགས་ཆེར་ཕྱིན་པ་དང་། རྒྱུད་པ་སྲུང་སྐྱོང་དང་བཟང་འདེམས་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།

སྲིད་ཇུས་ཀྱི་རོགས་སྐྱོར་ཐད་གོ་འཇོ་རྫོང་གིས《གོ་འཇོ་རྫོང་ངག་དབང་ལུག་གསོ་ཚགས་རོགས་སྐྱོར་སྲིད་ཇུས་ཀྱི་ལག་བསྟར་བྱ་ཐབས》བཏོན་པ་དང་། རྩྭ་རར་གཞིགས་ནས་ངག་དབང་ལུག་ཡུན་རིང་གསོ་ཚགས་བྱེད་འདོད་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལུག་20ནས་50བར་རོགས་སྐྱོར་བྱས་ནས་སྤྲད་པ་དང་། ལུག་ཚང་དང་ལྷས་ར་སྐྲུན་རོགས་བྱས་པ་མ་ཟད། ངག་དབང་ལུག་གི་ཆེད་ལས་གསོ་ཚགས་དཔེ་སྟོན་གྲོང་ཚོ་26སྟོབས་ཆེར་གཏོང་རོགས་བྱས་པ་དང་། གསོ་ཚགས་དཔེ་སྟོན་གྱི་དུད་ཚང་ཆེ་མོ་165སྐྱེད་སྲིང་བྱས་ཡོད།

ངག་དབང་ལུག་གསོ་ཚགས་ལག་རྩལ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་གསོ་ཚགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཐོག ཡུལ་སྐོར་ཐོན་ལས་ཀྱང་མུ་མཐུད་འཕེལ་རྒྱས་ཕྱིན་ཡོད་པས། ཡུན་རིང་པོ་མ་སོང་བར་ངག་དབང་ལུག་འདི་ཉིད་མང་ཚོགས་ཕྱུག་འགྱུར་འབབ་འཕར་གྱི་སྣེ་ཁྲིད་མཁན་ལ་གྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།