国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年09月17日

གྲོང་ཨུད་མགོ་ཁྲིད་ཀྱིས་ཁྲུང་ཆིན་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་དགུ་པར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཚེས13ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་དང་བཅས་པ་ཁྲུང་ཆིན་བོད་སྐྱོར་སྡོད་ཁང་དུ་ཕེབས་ནས་ཁྲུང་ཆིན་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་དགུ་པར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད་ཁོ་ཚོ་དང་མཉམ་དུ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་ཡོད།

ཨ་པུས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དེ་བཞིན་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཁྲི78ཀྱིས་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ཤེས་ལྡན་མི་སྣ་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་། བོད་སྐྱོར་ཤེས་ལྡན་མི་སྣའི་ཁྱིམ་མི་དང་མངགས་གཏོང་ལས་ཁུངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཨ་པུས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་པ་དང་མི་རིགས་ཁག་གི་མང་ཚོགས་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་བཅས་ཀྱི་འོག་གསར་འབྱེད་ཡར་བརྩོན་དང་དངོས་སྒྲུབ་འབད་འབུངས་བྱས་ནས་དེ་བས་ཆེ་བའི་གྲུབ་འབྲས་ལེན་རྒྱུའི་རེ་བ་བཏོན་ཡོད།

ཚེས14ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་དང་བཅས་པ་སྔ་རྗེས་སུ་ཐེན་ཅིན་གྲོང་ཁྱེར་དང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་སྡོད་ཁང་དུ་ཕེབས་ནས་ཐེན་ཅིན་དང་ཧྥུའུ་ཅན་གཉིས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་དགུ་པར་འཚམས་འདྲི་གནང་ཡོད།ཁྲེན་ཅུན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཐེན་ཅིན་གྲོང་ཁྱེར་དང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་དགུ་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། ཁོང་གིས་བོད་སྐྱོར་ཁག་གསར་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ངང་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།

ཆབ་མདོ་གྲོང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་བྱས་ཏེ་ལས་ཀའི་གཙོ་གནད་འབུར་ཐོན་དང་རོགས་སྐྱོར་གནད་སྨིན་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་བཏང་ནས་ཕན་ནུས་དངོས་ཐོན་པར་བྱེད་དགོས་ཞེས་བསྟན།

ཁྲུང་ཆིན་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་དགུ་པས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་ངོ་མའི་ཐོག་ནས་མངགས་གཏོང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུད་སྲིད་གཞུང་དང་ཆབ་མདོ་གྲོང་ཨུད་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་ལ་དྲིན་ལན་འཇལ་རྒྱུའི་བསམ་པ་བསྟན་ཡོད།