国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年07月02日

ཐོག་མའི་བསམ་འདུན་མི་བརྗེད་ཏང་གི་རྗེས་སུ་འབྲངས། འགན་འཁྲི་བློ་ལ་བཅངས་ནས་གདོང་ལེན་པ་ཞིག་བྱེད།

གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུས་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་དབུ་བརྙེས་ནས་ལོ98དང་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ60འཁོར་བའི་མཚམས་སུ། ཉིན་ཤས་བསྟུད་མའི་རིང་ཆབ་མདོའི་རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

ཟླ7ཚེས1ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་དང་ཞིབ་འཇུག་ཁང་གི་ཏང་ཀྲི་པུས་ཏང་ཡོན་གྱི་ཚོགས་ཆེན་འཚོགས་པ་དང་། ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་འཇོག 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་ཀའི་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་ཀའི་སྲོལ་ཡིག(ཚོད་ལྟའི་དེབ)》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཁྲེན་ཅུན་དང་། ཧྲེ་ཀྲང་གཞོན་པ་ཧུའུ་ཏན་ཧྥུའུ་རྣམ་གཉིས་བྱེད་སྒོར་ཞུགས་ཡོད།

ཟླ6ཚེས28ཉིན་གྱི་སྔ་དྲོ་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁ་རུབ་ཆུས་དང་ཆབ་སྡོད་དམག་དཔུང་མཉམ་འབྲེལ་བྱས་ཏེ

“དུས་རབས་གསར་པར་བསྟོད་གླུ་འབུལ། ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་ནས་ཏང་བཙུགས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་མའེ་ཧྥང་ཆོན་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་རྣམ་གཉིས་ཞུགས་ཡོད།

ཟླ6ཚེས29ཉིན་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཨུད་ཀྱིས་ཏང་གི་ཤེས་བྱའི་འགྲན་སྡུར་བྱེད་སྒོ་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལིས་པིང་དང་། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིན་ཝུན་ཁྲང་དང་། ཧྲེ་ཀྲང་གཞོན་པ་ཀྲའོ་མིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཚེ་རིང་བཅས་ཕེབས་ཡོད།

ཟླ6ཚེས28ཉིན་གྱི་ཕྱི་དྲོ་ཆབ་དགོན་བྱམས་པ་གླིང་གིས་ཏང་བཙུགས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད།

ཟླ6ཚེས28ཉིན་གྱི་སྔ་དྲོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུད་ཀྱིས་ཏང་བཙུགས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད།

ཟླ6ཚེས28ཉིན་གྱི་ཕྱི་དྲོ་ཆབ་མདོ་ཚགས་པར་ཁང་གིས“སྡེ་ཁུལ་དུ་བསྐྱོད་པ་དང་། དྲོད་ཁོལ་བསྐྱལ་བ”ཞེས་པ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ། ཆབ་མདོ་ཚགས་པར་ཁང་གི་ཏང་ཡོན་ལས་བྱེད་ཡོངས་ཀྱིས་ཁ་རུབ་ཆུས་འདབ་རྒྱས་སྲང་ལམ་སྡེ་ཁུལ་གྱི་ཏང་ཡོན་དང་མཉམ་དུ་འཛོམས་ནས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་འཇོག་བྱས་པ་མ་ཟད་དེ་མིན་དཀའ་ངལ་ཡོད་པའི་ཏང་ཡོན་གསུམ་ལ་འཚམས་འདྲི་བྱས་པ་རེད།

ཟླ6ཚེས30ཉིན་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ཇ་རྟ་ཐང་ཆེན་དུ“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་བསུ་མ་ཞུ་བ”བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་བྱེད་སྒོ་སྤེལ་ཡོད།