国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年07月02日

ངེད་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་གཉེར་བ།

འདི་ནི་ཚེས1ཉིན་གྱི་དགོང་མོར་“ཐོག་མའི་བསམ་འདུན་མི་བརྗེད་ཏང་གི་རྗེས་སུ་འབྲངས། འགན་འཁྲི་བརྟན་པོ་ངེས་ནས་གྲུབ་འབྲས་གསར་པ་གཏོད”ཞེས་པ་བརྗོད་དོན་གཙོ་བོའི་ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ།

འདི་ག་ཚགས་པར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་དེ་ཁམས་པའི་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད། རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཏིན་ཡན་ཤན་དང་། བསྟན་འཛིན་རྣམ་རྒྱལ་སོགས་དང་། གྲོང་ཁྱེར་གྱི་མགོ་ཁྲིད་ཨ་པུའུ་དང་ཁྲེན་ཅུན་སོགས་ཀྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ཡོད།

བདུན་གཅིག་ཏང་འཛུགས་ཉིན་མོ་སླེབས་ལ་ཉེ་བའི་མཚམས་སུ་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་སྒྲུབ་དང་། གྲོང་ཨུད་གཞུང་ལས་ཁང་དང་། གྲོང་ཨུད་རྩ་འཛུགས་པུའུ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཨུད་སོགས་ཀྱིས་རོགས་སྒྲུབ་བྱས་པའི“ཐོག་མའི་བསམ་འདུན་མི་བརྗེད་ཏང་གི་རྗེས་སུ་འབྲངས། འགན་འཁྲི་བརྟན་པོ་ངེས་ནས་གྲུབ་འབྲས་གསར་པ་གཏོད”ཞེས་པ་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུས་ཏེ་རླབས་ཆེན་ཏང་ལ་སྨོན་འདུན་བཟང་པོ་ཕུལ་ཡོད།