国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年04月16日

བསོད་ནམས་བསྟན་འཛིན་གྱིས་ཏང་དང་སྲིད་གཞུང་མེད་ན། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་ཞེས་བཤད་པ།

བསོད་བསྟན་འཛིན་གྱིས་ནད་པར་རྩ་བལྟ་བཞིན་པ།

1959ལོར་ལོ་དགུ་ལ་སོན་པའི་ཁོང་ནི་མངའ་བདག་ཆེན་པོ་གསུམ་གྱི་ཁྲལ་པ་ཡིན་པས་ཉིན་ལྟར་ས་བདག་གི་རྟ་ཟོག་འཚོ་དགོས།

1964ལོར་ལོ་བཅུ་བཞི་སོན་པའི་ཁོང་ཐེངས་དང་པོ་ཆབ་མདོའི་འཕྲོད་བསྟེན་སློབ་གྲྭའི་ནང་ཆབ་མདོའི་ཁག་གཉིས་པའི་ཤང་གྲོང་འཕྲོད་བསྟེན་སྦྱོང་བརྡར་འཛིན་གྲྭའི་སློབ་མར་གྱུར།

1968ལོར་ལོ་བཅོ་བརྒྱད་སོན་པའི་ཁོང་དམག་དཔུང་དུ་ཞུགས་ནས་བོད་དམག་ཁུལ་ཁང་གི་ཐད་གཏོགས་ཐོན་བཞི་པའི་འཕྲོད་བསྟེན་རུ་ཁག་གི་ལས་རོགས་སྨན་པ་ཞིག་ཏུ་གྱུར།

1982ལོར་ལོ་སོ་གཉིས་སོན་པའི་ཁོང་སྔ་རྗེས་སུ་པེ་ཅིང་དང་ཝུའུ་ཧན་སོགས་ནང་སར་ཟབ་སྦྱོང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་Bསྒྲ་རླབས་སྨན་པ་ཁག་དང་པོར་གྱུར།

1988ལོར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱེད་ལས་ཚན་ཁག་གི་ཀྲུའུ་རེན་དང་གཙོ་བཅོས་སྨན་པའི་འགན་འཁུར་བ་དང་2006ལོར་ལས་ཁྱུར་ངལ་གསོ་བྱས།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། བསོད་ནམས་བསྟན་འཛིན་ཁྲལ་པ་ནས་རང་ཁྱིམ་རང་བདག་བྱུང་བ་དང་། ཅི་ཡང་མེད་པ་ནས་ཟས་གོས་འཛོམས་པ། ཟོག་རྫི་ནས་གཙོ་བཅོས་སྨན་པ་བཅས་སུ་གྱུར་ཡོད། ལོ་70སླེབས་པའི་ཁོང་གིས་དམངས་གཙོའི་བཅོས་སྒྱུར་རྗེས་བོད་མི་དམངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དངོས་སུ་བདེན་དཔང་བྱས་པ་མ་ཟད་ཆབ་མདོའི་སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་ཡར་ངོ་ཟླ་ལྟར་འགྱུར་ལྡོག་བྱུང་བའི་དཔང་པོ་ལྟ་བུ་འགྱུར་ཡོད། ཟླ་4པའི་ཚེས་9ཉིན་གྱི་སྔོ་དྲོར།གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་ཁྱུར་ངལ་གསོ་བྱེད་པའི་སྨན་པ་དཀའ་བཅུ་པ་བསོད་ནམས་བསྟན་འཛིན་དང་ལས་རོགས་པ་ཚོ་དང་ཕན་ཚུན་འཚམས་འདྲི་ཞུས་ཚར་རྗེས་ཉིན་གཅིག་གི་ལས་ཀ་འགོ་བཙུགས།

“སྐབས་དེ་དུས་ང་ཚོ་ཞིང་བྲན་ལ་སྨན་བཅོས་ཀྱི་ཆ་རྐྱེན་རྩ་བ་ནས་མེད། ད་ཆ་སྨན་བཅོས་ལག་ཤེས་དང་སྒྲིག་ཆས་ཡག་པོ་འདི་འདྲ་ཡོད་ལ་ད་དུང་ཀྲུང་ལུགས་དང་ཕྱི་ལུགས་སྨན་པ་ཡོད་པ་མ་ཟད་སྨན་རིན་རྩིས་ཞུ་བྱེད་ཆོག་པས་ལོ་60གོང་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད།” དམངས་གཙོའི་བཅོས་སྒྱུར་གྱི་འགྱུར་ལྡོག་གླེང་སྐབས་བགྲེས་སོང་བསོད་ནམས་བསྟན་འཛིན་ཚོར་སྣང་ཟབ་མོ་ཁེངས་བཞིན་ཡོད།

“དམངས་གཙོའི་བཅོས་སྒྱུར་གོང་ངའི་ཁྱིམ་ནང་མི་ལྔ་ཡོད། ཚང་མ་ས་བདག་ཁྱིམ་གྱི་ཁྲལ་པ་ཡིན། སྐབས་དེ་དུས་ཉིན་ལྟར་ནམ་མ་གསལ་གོང་ངའི་ཨ་མ་ལགས་ཞིང་ཁར་སོ་ནམ་གྱི་ལས་ལ་འབད་དགོས་ལ་གལ་སྲིད་འཕྱི་ཙམ་བྱུང་ན་ཉེས་རྡུང་དྲག་པོ་གཏོང་གི་ཡོད། ང་རང་ལོ་ན་ཆུང་བས་ཟོག་རྫི་འགྲོ་དགོས་པ་དང་མཚམས་རེར་ཁོ་ཚོའི་ཕྲུ་གུར་ཡང་ལྟ་རྟོག་བྱེད་དགོས། ”བསོད་ནམས་བསྟན་འཛིན་གྱིས་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་མིག་མཐར་མཆི་མས་ཁེངས་ནས“ཁྱིམ་གྱི་ཆ་རྐྱེན་ཞན་རྐྱེན་ཟས་ཀྱིས་ལྟོ་བ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་ཁེབས་ལ་ཁུར་པོ་ལྗིད་ཙམ་ཨ་མས་ཨ་ཅོ་མི་བཟོད་བཞིན་དགོན་པར་སྐྱེལ་ནས་གྲྭ་བར་བྱས།

1959ལོར་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་པས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་གྱུར་ཏེ་ཁང་པ་དང་། ས་ཞིང་། ཕྱུགས་ཟོག་སོགས་སྒེར་ལ་བགོས་པ་དང་བསོད་ནམས་བསྟན་འཛིན་ཡང་སློབ་གྲྭར་ཞུགས་ཐུབ་པ་བྱུང་།

“ང་རང་ཆུང་དུས་སློབ་གྲྭར་ཉིན་གཅིག་ཀྱང་འགྲོ་མྱོང་མེད། ཏང་དང་སྲིད་གཞུང་གིས་ང་རང་ལ་སློབ་སྦྱོང་དང་གསབ་སྦྱོང་གི་གོ་སྐབས་ཐེངས་གང་མང་སྤྲད་དེ་རིག་གནས་ཤེས་བྱ་དང་སྨན་བཅོས་ལག་ཤེས་སྦྱོང་དུ་བཅུག་བྱུང་། ”“ཏང་དང་སྲིད་གཞུང་། དམངས་གཙོའི་བཅོས་སྒྱུར་མེད་ན་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཡོད་མི་སྲིད་”བསོད་ནམས་བསྟན་འཛིན་གྱིས་བསམ་བློ་བརྟན་པོས་ངང་བཤད།

ད་ལྟའི་བསོད་ནམས་བསྟན་འཛིན་ཆབ་མདོ་གྲོང་ཁྱེར་རྟག་རྩ་ཐང་ལྷའི་ཕོ་ཉ་སྡེ་ཁུལ་དུ་ཁང་པའི་རྒྱ་ཁྱོན་རྨིད་གྲུ་བཞི་140ཡོད་པའི་ཁང་པ་ཡོད་པ་དང་། རྒན་གསོ་མ་དངུལ་དང་སྨན་བཅོས་འགན་བཅོལ་སོགས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་མ་ཟད་ལས་འཁྱུར་བྱས་རྗེས་ཟླ་ཕོགས་སྒོར་ཁྲི་གཅིག་ཉེ་བ་ཡོད་པས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་མཆིས།

“གོམ་སྟབས་རྗེས་མར་ང་རང་ཁ་རུབ་ཆུས་རི་ཐུང་བོད་སྨན་བཟོ་གྲྭར་ལས་ཀར་འགྲོ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། མུ་མཐུད་ནས་ནུས་པ་ལྷག་མ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་ནད་པར་ཞབས་འདེགས་སྔར་ལས་ཞུ་རྒྱུ་ཡིན། “མ་འོངས་པའི་འཚོ་བ་གླེང་སྐབས་བསོད་ནམས་བསྟན་འཛིན་བློ་སེམས་བརྟན་པོའི་ངང”ཏང་དང་སྲིད་གཞུང་གིས་ང་རང་གསོ་སྐྱོང་གནང་བ་དང་། ཏང་དང་སྲིད་གཞུང་གིས་ང་རང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་བཅུག་བྱུང་། ད་ཆ་ངས་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་བ་དང་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན། “ཞེས་བཤད་བྱུང།